བོད་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་ལ་ཚན་རིག་དང་ཕན་ནུས་ལྡན་པའི་སྲུང་སྐྱོང་དང་རྒྱུན་འཛིན་ཐོབ།(2)

        2011-09-20

གཙོས་པའི་ཚོ་དང་པོའི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་དངོས་པོ་མིན་པའི་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་བདམས་པའི་བོད་ཀྱི་དམངས་ཁྲོད་སྲོལ་རྒྱུན་གྱི་རིག་གནས་ལ་ཚན་རིག་དང་ཕན་ནུས་ལྡན་པའི་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་ཐོབ་ཡོད།  2006ལོར་ཁྱབ་བསྒྲགས་བྱས་པའི་ཀྲུང་གོའི་ཚོ་དང་པོའི་དངོས་པོ་མིན་པའི་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་བྱ་རྒྱུའི་མིང་ཐོའི་ནང་བོད་ལྗོངས་ཀྱིས་ཡིག་ཐོག་སྙན་ཞུ་ཞུས་པའི《གེ་སར་སྒྲུང》དང་།  རས་པ།  ཐང་ག  བོད་ཀྱི་པང་གདན་དང་ཁ་གདན་གྱི་འཐག་རྩལ།  བོད་ཀྱི་ཤོག་བུ་བཟོ་རྩལ་སོགས་རྣམ་གྲངས15འཇུག་ཐུབ་ཡོད།  ཚོ་དང་པོའི་རང་སྐྱོང་ལྗོངས་རིམ་པའི་དངོས་པོ་མིན་པའི་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་བོད་ལྗོངས་ཀྱི་ས་གནས་སོ་སོའི་ཟློས་གར་དང་།  རོལ་དབྱངས།  ལྷོ་པ་རིགས་ཀྱི་གོས་རྒྱན་སོགས་གཏོགས་པའི་རྣམ་གྲངས38བདམས་ཐུབ་ཡོད།
     1965ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་ནས་བཟུང་།   རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར6.3བཏང་ནས་བོད་ལྗོངས་སྲོལ་རྒྱུན་གྱི་མི་རིགས་རིག་གནས་ལ་སྲུང་སྐྱོང་བྱས་སྟབས།  བོད་ཀྱི་ཕུན་སུམ་ཚོགས་ཤིང་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་རིག་གནས་ཤུལ་བཞག་ལ་སྒོ་ཀུན་ནས་རྒྱུན་འཛིན་དང་འཕེལ་རྒྱས་བྱེད་ཐུབ་ཡོད།
     ལོ་བརྒྱ་ཕྲག་ཁ་ཤས་རིང་།  བློ་གཤོགས་ཆེ་ཞིང་འཁྲབ་སྟངས་བག་ཕེབས་པའི་བསྟོད་གཞས་ནི་ཐོག་མཐའ་བར་གསུམ་དུ་ཡུལ་དེ་གའི་མི་རྣམས་ཀྱིས་རང་དགའ་རང་རྩེད་དང་རང་ཉིད་སྐྱིད་རློམ་བྱེད་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན།  བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས2006ལོ་ནས་བཟུང་གཙོ་གནད་དུ་ལྷ་རྩེའི་བསྟོད་གཞས་ལ་སྲུང་སྐྱོང་བྱས་ཡོད་།  མིག་སྔར་ལྷ་རྩེའི་བསྟོད་གཞས་དེ་རྒྱལ་ཁབ་རིམ་པའི་དངོས་པོ་མིན་པའི་རིག་གནས་ཤུལ་བཞག་གི་མིང་ཐོའི་ཐོག་འཇོག་ཡོད།   2007ལོར་ལྷ་རྩེ་རྫོང་གི་ལས་ཞོར་ཞིང་པའི་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་བྱས་པའི་ལོ་རྒྱུས700ལྷག་ལྡན་པའི་བསྟོད་གཞས་ཀྱིས་རང་ཉིད་ཀྱི་དམིགས་སུ་བཀར་བའི་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ལ་བརྟེན་ནས་ལྟད་མོ་བའི་ཡིད་དབང་འཕྲོག་ཡོད།    2007ལོར་ལྷ་རྩེ་རྫོང་གི་ཞིང་པའི་སྒྱུ་རྩལ་ཚོགས་པས་གདན་ཞུར་ལྟར་སྔོན་རྗེས་སུ་པེ་ཅིན་དང་ཀང་ཀྲོའུ།  ཞང་ཀང་།  ཨའོ་མན་སོགས་ས་གནས་སུ་འཁྲབ་སྟོན་ཐེངས་མང་བྱེད་འགྲོ་མྱངས།    མིག་སྔར་བོད་ལྗོངས་ལ་ཆེད་ལས་ཀྱི་སྒྱུ་རྩལ་ཚོགས་པ10དང་།  རྫོང་རིམ་པའི་དམངས་ཁྲོད་ཀྱི་སྒྱུ་རྩལ་ཚོགས་པ19།  གྲོང་གསེབ500ལྷག་གི་ལས་ཞོར་གྱི་སྒྱུ་རྩལ་རུ་ཁག་དང་བོད་ཟློས་གར་གྱི་འཁྲབ་སྟོན་རུ་ཁག160ལྷག་ཡོད།  ཚོགས་པ་དང་རུ་ཁག་འདི་དག་རྒྱུན་དུ་ཞིང་འབྲོག་ས་ཁུལ་དུ་ཕྱིན་ནས་བོད་ཡིག་གིས་གསར་སྐྲུན་དང་སྡེབ་སྒྲིག་བྱས་པའི་ཕུན་སུམ་ཚོགས་པའི་འཁྲབ་ཚན་འཁྲབ་ནས་ཞིང་འབྲོག་མི་དམངས་ཀྱི་དགའ་བསུ་ཆེན་པོ་བྱས་ཡོད།
  • ལེ་ཚན་སྔོན་མ།:རྒྱ་གར་དུ་བྱུང་བའི་ས་འགུལ་དེས་བོད་ལྗོངས་ལ་གེགས་བར་བཟོས་པ།
  • ལེ་ཚན་རྗེས་མ།:མཚོ་སྔོན་གྱིས་ཡུལ་ཤུལ་བསྐྱར་འཛུགས་རོགས་འཛུགས་ཀྱི་དབུལ་སྐྱོར་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར4ཙམ་དོན་འ
  • དོ་སྣང་ཆེ་བའི་རྩོམ།