རྒྱ་གར་དུ་བྱུང་བའི་ས་འགུལ་དེས་བོད་ལྗོངས་ལ་གེགས་བར་བཟོས་པ།
བདེ་ཆེན་དབང་མོ། 2011-09-20
ཚེས18ཉིན་རྒྱ་གར་དུ་ས་འགུལ་རིམ་པ6.8བྱུང་བ་དེས་བོད་ལྗོངས་གཞིས་རྩེ་ས་ཁུལ་གྱི་གྲོ་མོ་དང་།གམ་པ་སོགས་རྫོང་བཅུ་དྲུག་ལ་གེགས་བར་བཟོས་པ་རེད།
ཚེས19ཉིན་གྱི་སྔ་དྲོའི་ཆུ་ཚོད9བར་གཞིས་རྩེ་ས་ཁུལ་གྲོ་མོ་རྫོང་གི་མི7ས་འགུལ་ཁྲོད་ཚེ་ལས་འདས་པ་དང་།མི23ལ་རྨས་སྐྱོན་བྱུང་བ།དེ་ལས་མི་གཉིས་ལ་རྨས་ལྕི་མོ་ཕོག་ཡོད་པ་རེད།