ཀན་སུའུ་ཡིས་ས་ཁུལ་བགོས་ནས་མི་འདྲ་སའི་ཐབས་ཇུས་ལ་བརྟེན་ནས་མི་རིགས་ས་ཁུལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ།
(མིག་དམར་གྱིས་བསྒྱུར།) 2011-09-19
ཤིན་ཧྭ་གསར་འགྱུར་ཁང་ལན་གྲུ་ནས་འབྱོར་བའི་གློག་འཕྲིན། གྲངས་ཉུང་མི་རིགས་ས་ཁུལ་གྱི་མི་འབོར་དེ་ཞིང་ཆེན་གྱི་མི་འབོར་སྤྱིའི་བརྒྱ་ཆ12.9ལ་ཟིན་པའི་ཀན་སུའུ་ཞིང་ཆེན་གྱིས་ད་ལོ་ནས་བཟུང་མི་རིགས་ས་ཁུལ་དུ་ས་ཁུལ་བགོས་ནས་བར་ཁྱད་ཅན་གྱི་འཕེལ་རྒྱས་ཐབས་ཇུས་ལག་བསྟར་བྱས་ནས་མི་རིགས་ཀྱི་ཁྱད་ཆོས་དང་ས་ཁམས་ཁོར་ཡུག་བཅས་མི་འདྲ་བར་གཞིགས་ནས་འཕེལ་རྒྱས་ཀྱི་བསམ་ཕྱོགས་མི་འདྲ་བར་སྐུལ་འདེད་གཏོང་རྒྱུ་རེད།
གསར་འགོད་པས་ཀན་སུའུ་ཞིང་ཆེན་སྲིད་གཞུང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཀན་སུའུ་ཡིས་ཞིང་ཆེན་རང་ཉིད་ཀྱི་མི་རིགས་ས་ཁུལ་མངའ་ཁོངས་ཀྱི་ཁྱད་པར་གཞིགས་ནས་བོད་རིགས་འདུས་སྡོད་ས་ཁུལ་དང་ཧུའེ་རིགས་འདུས་སྡོད་ས་ཁུལ། ཧོ་ཞི་རྫོང་གསུམ་བཅས་མངའ་ཁོངས་གསུམ་དུ་ཕྱེས་ནས་ཁྱོན་ཡོངས་ཀྱི་བསམ་ཕྱོགས་དང་དམིགས་ཡུལ་ལས་འགན་མི་འདྲ་བར་གཏན་འཁེལ་བྱས་པ་རེད།
ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་ཀན་སུའུ་ཡིས་བོད་རིགས་འདུས་སྡོད་ས་ཁུལ་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུར་སྔོན་འགྲོའི་ཆ་རྐྱེན་བྱས་ཤིང་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱ་རྒྱུ་འགོ་འཛུགས་ས་བྱས་ནས་བོད་ཁུལ་དེ་ཀན་སུའུ་མཐོ་སྒང་གི་ལྗང་མདོག་གི་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་ལས་བཟོ་རྟེན་གཞི་དང་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཡུལ་སྐོར་ལྗོངས་རྒྱུའི་རྟེན་གཞི་ལ་འཛུགས་སྐྲུན་བྱ་རྒྱུ་རེད།
ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་ཀན་སུའུ་ཡིས་ཧུའེ་རིགས་འདུས་སྡོད་ས་ཁུལ་དུ་ཚོང་ཟོག་འགྲོ་རྒྱུག་དར་རྒྱས་ཇེ་མགྱོ གས་བཏང་ཞིང་། བོད་ཁུལ་ཁྲོམ་ར་ཆེན་མོ་ལ་རྒྱབ་རྟེན་དང་ལན་གྲུ་གྲོང་ཁྱེར་དང་འདྲེས་པའི་ཐབས་ཇུས་དམིགས་ཡུལ་བརྟེན་པ་གཏན་འཁེལ་བྱས་པ་དང་། དེང་རབས་ཀྱི་དངོས་པོ་འགྲོ་རྒྱུག་དང་ཚོང་ཟོག་སྡེབ་སྐྱེལ། དངོས་པོ་འགྲོ་རྒྱུག་བརྡ་འཕྲིན་ལས་སྟེགས་སོགས་རྣམ་པ་གསར་པའི་ཚོང་ཟོག་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་བྱས་པ་རེད།
ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་ཀན་སུའུ་ཞིང་ཆེན་གྱིས་ཧོ་ཞི་རྫོང་གསུམ(ཞུ་ལྷོ་ཡུས་ཀུའུ་རང་སྐྱོང་རྫོང་དང་ཞུ་བྱང་སོག་པོ་རང་སྐྱོང་རྫོང་། ཧ་སག་རིགས་རང་སྐྱོང་རྫོང)ལ་དེང་རབས་ཞིང་འབྲོག་ལེགས་སྒྲུབ་དང་། གཏེར་རྫས་སྔོག་འདོན་བྱེད་ཤུགས་ཆེ་གཏོང་། མི་རིགས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེར་གཏོང་བ། དམངས་འཚོ་ལེགས་བཅོས་ཡག་པོ་སྒྲུབ་པ་བཅས་གཙོ་ཆེར་བྱས་པ་གཏན་འཁེལ་བྱས་ཏེ་སྔར་ལྷག་གིས་དཔལ་འབྱོར་བསྡོམས་འབོར་རྒྱ་བསྐྱེད་དང་མུ་མཐུད་ནས་དཔལ་འབྱོར་མགྱོ གས་མྱུར་འཕར་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཐུབ་པ་བྱ་རྒྱུ་རེད།
མི་རིགས་ས་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དུ་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་ཀན་སུའུ་ཡིས་ཤུགས་ཆེན་པོས་རྒྱབ་སྐྱོབ་བྱས་ཏེ་སྐྱེ་ཁམས་དང་ཐོན་ཁུངས་གསར་སྦོལ་བྱེད་པར་སྐྱིན་གསབ་བྱ་རྒྱུའི་ནང་རྐྱེན་འཛུགས་པ་དང་ཁ་གཏད་རོགས་སྐྱོར་དང་རོགས་སྐྱོར་ལས་ཀར་ཤུགས་སྣོན་རྒྱག་རྒྱུ་རེད།