པེ་ ཅིང་ དུ་ གཤགས་ བཅོས་ བྱེད་ པར་ འགྲོ་ བའི་ བོད་ ཀྱི་ ལྷན་ སྐྱེས་ སྙིང་ ནད་ ཕོག་ པའི་ བྱིས་ པ་ཚོ་ དང་ པོ་ པེ་ ཅིང་ དུ་ འབྱོར་ བ།

        2011-09-19

ཤིན་ཧྭ་གསར་འགྱུར་ཁང་ནས་འབྱོར་བའི་གློག་འཕྲིན།ཚེས7ཉིན་ནས་ཚེས8ཉིན་བར།
པེ་ཅིང་དུ་གཤགས་བཅོས་བྱེད་པར་འགྲོ་བའི་བོད་ཀྱི་ཚོ་དང་པོའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ26 ཁག་སོ་སོར་མེ་འཁོར་བསྡད་ནས་པེ་ཅིང་དུ་འབྱོར་ཡོད།     ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ26གི་ནང་ཁྲོད་བོད་ནག་ཆུ་ས་ཁུལ་གྱི་བྱིས་པ25ཡོད་པ་དང་དེའི་ནང་ཕྲུ་གུ་4དྭ་ཕྲུག་ཡིན་ཞིང་། ཀྲུང་ཧྭ་དགེ་ལས་སྤྱི་ཁྱབ་ལྷན་ཚོགས་ཀྱི་གསར་འགྱུར་ལས་རིགས་ཀྱི་དང་བླངས་པའི་དགེ་ལས་སྐུལ་འདེད་ལས་དོན་ཨུ་ཡོན་ལྷན་ཁང་དང་ཀྲུང་གོ་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་སྨན་ཁང་སོགས་གྲུབ་པའི་སྨན་བཅོས་རུ་ཁག་གིས་ཟླ་བ་8པའི་ཚེས་21ཉིན་ནས་བཟུང་ནག་ཆུ་ས་ཁུལ་གྱི་བྱིས་པ3514ལ་འོས་འགན་སྨན་བཅོས་བྱས་པ་དང་། དེའི་ཁྲོད་བྱིས་པ59ལ་ལྷན་སྐྱེས་སྙིང་ནད་ཕོག་པ་གཏན་འཁེལ་བྱས་ཡོད། ཁག་གཉིས་པའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་རྣམས་ཁག་དང་པོ་སྨན་བཅོས་བྱས་ཚར་རྗེས་པེ་ཅིང་དུ་སྨན་བཅོས་བྱེད་པར་བསྐྱོད་རྒྱུ་རེད།    བོད་ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་པེ་ཅིང་དུ་སྨན་བཅོས་བྱེད་པའི་བྱ་སྤྱོད་ནི་ཀྲུང་ཧྭ་དགེ་ལས་སྤྱི་ཁྱབ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་ཤིང་གསར་འགྱུར་ལས་རིགས་ཀྱི་དང་བླངས་པའི་དགེ་ལས་སྐུལ་འདེད་ལས་དོན་ཨུ་ཡོན་ལྷན་ཁང་གིས་ལག་བསྟར་བྱས་པའི“ང་ཚོའི་ཕྲུ་གུ་ཚོའི་ཆེད་དུ——གྲངས་ཉུང་མི་རིགས་ཀྱི་ཁྱིམ་ཚང་དབུལ་ཕོངས་ཡིན་པའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་སྟོང་ཕྲག་སྐྱོབ་བཅོས་བྱེད་པའི་བྱ་སྤྱོད”ཅེས་པའི་རྣམ་གྲངས་ཀྱི་གྲུབ་ཆ་ཞིག་ཡིན། འདི་ལོའི་ཟླ་བ་2པའི་ཚེས་26ཉིན་བྱ་སྤྱོད་འདི་ཉིད་དངོས་སུ་སྤེལ་འགོ་ཚུགས་ཚུན་གྲངས་ཉུང་མི་རིགས་ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ291གི་གཤགས་བཅོས་ལེགས་གྲུབ་བྱུང་ཡོད། བྱ་སྤྱོད་དེ་ནི་ཐོག་མར་ཤིན་ཅང་ནས་སྤེལ་འགོ་ཚུགས་པ་དང་དེ་རྗེས་རིམ་བཞིན་བོད་ལྗོངས་དང་ནང་སོག ཉིང་ཞ། ཀོང་ཞི། ཡུན་ནན་སོགས་གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་དུ་ཁྱབ་གདལ་བཏང་ཡོད།
  • ལེ་ཚན་སྔོན་མ།:གླུ་མ་དབྱངས་ཅན་ལྷ་མཛེས་ཀྱི་ཆེད་སྒྲིག་བདེ་སྐྱིད་ཀྱི་གླུ་ཞེས་པ་མི་འགྱངས་བར་པར་དུ་བསྐྲུན།
  • ལེ་ཚན་རྗེས་མ།:ཀན་སུའུ་ཡིས་ས་ཁུལ་བགོས་ནས་མི་འདྲ་སའི་ཐབས་ཇུས་ལ་བརྟེན་ནས་མི་རིགས་ས་ཁུལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོ
  • དོ་སྣང་ཆེ་བའི་རྩོམ།