2000ལོ་ནས་བཟུང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་གིས་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དང་མཉམ་ལས་བྱས་ཏེ་ལོ་ན87ལོན་པའི་གེ་སར་སྒྲུང་མཁན་རྒན་བགྲེས་བསམ་སྒྲུབ་ཀྱིས་བཤད་པའི《གེ་སར་སྒྲུང》ལ་ཆུ་ཚོད2000ལྷག་གི་སྒྲ་འབེབས་དང་ལེགས་སྒྲིག་བྱས་ཏེ་སྤྱི་ཡོངས་སུ་དེའི་སྐོར་གྱི་དཔེ་དེབ30ཙམ་པར་དུ་བསྐྲུན་ཡོད།
《གེ་སར་སྒྲུང》གནའ་སྔ་མོ་དུས་ནས་ཡིག་ཐོག་བཀོད་མེད། ཐོག་མཐའ་བར་གསུམ་དུ་དམངས་ཁྲོད་སྒྲུང་མཁན་གྱིས་ངག་རྒྱུན་ཐོག་བཤད་ཀྱི་ཡོད། བོད་མི་རིགས་ཀྱི་རིག་གནས་མཆོག་ནོར་དེ་སྲུང་སྐྱོང་བྱེད་ཆེད། རང་རྒྱལ་གྱི་སྲིད་གཞུང་གིས་ལོ་རྒྱུས་ཐོག་གི་རྒྱ་ཁྱོན་ཆེས་ཆེ་བའི་མི་རིགས་དམངས་ཁྲོད་ཀྱི་རིག་གནས་ལ་སྲུང་སྐྱོང་བྱེད་པའི་ལས་གྲྭའི་ནང《གེ་སར་སྒྲུང》ནི་དེའི་ནང་གི་གཙོ་གནད་ཀྱི་ལས་གྲྭའི་ཡ་གྱལ་ཞིག་ཡིན་པ། 1979ལོ་ནས་བཟུང་། པེ་ཅིན་དང་ལྷ་ས་སོགས་ས་གནས་ཀྱིས་སྔོན་རྗེས་སུ《གེ་སར་སྒྲུང》ལ་མྱུར་སྐྱོབ་དང་ལེགས་སྒྲིག་བྱེད་པའི་ཆེད་ལས་ལས་ཁུངས་བཙུགས་ཡོད་པ་མ་ཟད། ད་དུང་གེ་སར་སྒྲུང་མཁན་འཚོལ་བ་དང་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱས་ཡོད། མིག་སྔར་སླེབས་དུས། རྒྱལ་ཡོངས་སུ་ཁྱོན་བསྡོམས་གེ་སར་སྒྲུང་མཁན140ལྷག་འཚོལ་ཐུབ་ཡོད། འབྲེལ་ཡོད་ལས་ཁུངས་ཀྱིས་དེ་ཚོས་བཤད་པའི་གེ་སར་སྒྲུང་ལ་སྒྲ་འབེབས་བྱས་ཡོད་ལ། ཁོ་ཚོའི་འཚོ་བ་ལའང་ལྟ་སྐྱོང་ཡག་པོ་བྱས་ཡོད།
ཉེ་བའི་ལོ་ཤས་རིང་། 《གེ་སར་སྒྲུང》