བོད་ཀྱི་རྣམ་གྲངས་ཁག་གསུམ་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཐོན་སྐྱེད་ཀྱི་ཚུལ་དུ་སྲུང་སྐྱོབ་བྱ(2)

        2011-09-06


       ཐེངས་འདིར་མིང་ཐོ་སྤྱི་བསྒྲགས་བྱས་པ་དེ་དག་རྒྱལ་ཁབ་རིམ་པའི་རྣམ་གྲངས་ཁག 35 དང་འབྲེལ་ནས་ཡོད་ལ། བོད་ལྗོངས་རྒྱལ་རྩེའི་ས་གདན་བཟོ་གྲྭ་དང་། བོད་རང་སྐྱོང་ལྗོངས་བོད་སྨན་བཟོ་གྲྭ། མཚོ་སྔོན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་སྒྱུ་རྩལ་གླིང་བཅས་བོད་ཀྱི་རྣམ་གྲངས་ཁག་གསུམ་ཡང་མིང་ཐོའི་ནང་དུ་ཡོད་པ་རེད། དེའི་ནང་བོད་ལྗོངས་རྒྱལ་རྩེའི་ས་གདན་བཟོ་གྲྭ་ཡིས་རེ་འདུན་ཞུས་པ་ནི་སྲོལ་རྒྱུན་ལག་རྩལ་ཏེ་བོད་ཀྱི་ཁ་གདན་འཁལ་འཐག་བྱེད་པའི་ལག་རྩལ་དེ་ཡིན་པ་དང་། བོད་རང་སྐྱོང་ལྗོངས་བོད་སྨན་བཟོ་གྲྭས་རེ་འདུན་ཞུས་པ་ནི་སྲོལ་རྒྱུན་གསོ་སྨན་ཏེ་བོད་སྨན་སྨན་རྫས(མུ་ཏིག་བདུན་ཅུའི་རིལ་བུ་སྡེབ་རྩལ)ཡིན་ལ། རྨ་ལྷོ་ཁུལ་རེབ་གོང་སྒྱུ་རྩལ་གླིང་གིས་རེ་འདུན་ཞུས་པ་ནི་སྲོལ་རྒྱུན་རི་མོ་སྟེ་རེབ་གོང་སྒྱུ་རྩལ་ཡིན་པ་རེད།
       
     རེབ་གོང་སྒྱུ་རྩལ་གླིང་།
     ཆེད་ལས་པས་ངོ་སྤྲོད་བྱ་རྒྱུར། དངོས་མིན་ཤུལ་བཞག་རིག་གནས་ཐོན་སྐྱེད་ཀྱི་ཚུལ་དུ་སྲུང་སྐྱོབ་བྱེད་པ་ཞེས་པ་ནི། ཐོན་སྐྱེད་དང་བརྗེ་རེས། ཕྱིར་འཚོང་བཅས་ཀྱི་ཐབས་ལམ་བརྒྱུད་ནས། དངོས་མིན་ཤུལ་བཞག་རིག་གནས་དང་དེ་ཡི་ཐོན་ཁུངས་བཅས་ཐོན་སྐྱེད་ནུས་པ་དང་ཐོན་རྫས་སུ་བསྒྱུར་ཏེ། དཔལ་འབྱོར་ཕན་འབྲས་ཐོན་པ་བྱེད་པ་དང་། དེ་དང་འབྲེལ་བའི་ཐོན་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། དངོས་མིན་ཤུལ་བཞག་རིག་གནས་ལ་ཐོན་སྐྱེད་ལག་ལེན་ཁྲོད་དུ་སྲུང་སྐྱོབ་ལེགས་པོ་ཐོབ་པ་དང་། དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་སྤྱི་ཚོགས་དཔལ་འབྱོར་མཐུན་སྡེབ་འཕེལ་རྒྱས་གཏོང་བ་བཅས་ཕྱོགས་གཉིས་ཕན་ཚུན་བར་ནུས་པ་ཐོན་དུ་འཇུག་པ་བཅས་ལ་ཟེར་ཞེས་བཤད།
    
 
  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་སྐབས་རེ་དྲུག་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིར་བསྐོས་པའི་ན་སའེ་ཨེར་ལ་མཇལ
  • ལེ་ཚན་རྗེས་མ།:ཝུན་ཅ་པའོ་ཡིས་ཚན་རིག་པ་རྒན་གྲས་ལ་བྱམས་བརྩེའི་ངང་ཐུག་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།