ཝུན་ཅ་པའོ་ཡིས་ཚན་རིག་པ་རྒན་གྲས་ལ་བྱམས་བརྩེའི་ངང་ཐུག་འཕྲད་གནང་།
(མིག་དམར་གྱིས་བསྒྱུར།) 2011-09-08
ཟླ་བ9པའི་ཚེས4ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་གཟའ་མཇུག་གི་དུས་ཚོད་སྤྱད་ནས་སྐད་གྲགས་ཅན་གྱི་ཚན་རིག་པ་དང་རྒྱལ་ཁབ་ཀྱི་ཆེས་མཐོ་བའི་ཚན་རྩལ་བྱ་དགའ་ཐོབ་མཁན་ཡེ་ཏུའུ་ཀྲེང་དང་ཧྲི་ཁྲང་ཞུས། ཝང་ཀྲུང་ཁྲེང་བཅས་ལ་ཐུག་འཕྲད་གནང་བར་ཕེབས་ནས་ཁོང་ཚོ་དང་མཉམ་དུ་རང་རྒྱལ་གྱི་ཚན་རྩལ་ལས་རིགས་ཀྱི་འཕེལ་རྒྱས་ཐད་བགྲོ་གླེང་བྱས་པ་མ་ཚད། ཁོང་ཚོ་ལ་འཚམས་འདྲི་གནང་ཞིང་སྨོན་འདུན་ཞུ་བ་རེད།
ཝུན་ཅ་པའོ་ཡིས་རང་རྒྱལ་གྱི་ཚན་རྩལ་དང་འཕྲོད་བསྟེན་ལས་རིགས་ལ་ཕུལ་དུ་བྱུང་བའི་བྱས་རྗེས་བཞག་པའི་ཚན་རིག་པ་རྒན་གྲས་ལ་གུས་བཀུར་ཞུས། ཁོང་གིས་་དེའི་ནང་གི་མི་མང་པོ་ཞིག་དང་ཡུན་རིང་ལ་འབྲེལ་བ་རྒྱུན་འཁྱོངས་བྱས་པ་དང་ལོ་རེ་རེར་དུས་ཚོད་སྤྱད་དེ་ཚན་རིག་པར་ཐུག་འཕྲད་གནང་བར་ཕེབས་པ་རེད།