དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 4 ཚེས 13 ཉིན་དང་། རེས་གཟའ་ཉི་མ་ཡིན།

རང་རྒྱལ་གྱི་རྩ་བའི་སྨན་བཅོས་འགན་སྲུང་དེ་མི་དུང་ཕྱུར12ལྷག་ལ་ཁེབས་ཡོད།

(གངས་སྐྱིད་ཀྱིས་བསྒྱུར།)        2011-09-08

མིག་སྔར་སླེབས་དུས།ཀྲུང་གོ་སྐམ་ས་ཆེན་པོའི་རྩ་བའི་སྨན་བཅོས་འགན་སྲུང་ལམ་ལུགས་ཁེབས་ཚད་མི་གྲངས་དུང་ཕྱུར12.5ཐོག་སླེབས་ནས་འཛམ་གླིང་ཐོག་གི་ཆེས་ཆེ་བའི་སྨན་བཅོས་འགན་སྲུང་ལམ་ལུགས་ཆགས་ཡོད།       ཀྲུང་གོ་སྲིད་གཞུང་གིས་སྨན་བཅོས་འགན་སྲུང་ལམ་ལུགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་རྩ་བའི་སྨན་བཅོས་འགན་སྲུང་ལམ་ལུགས་སྐྲུན་པར་ཚད་བརྒལ་རང་བཞིན་ལྡན་པའི་འཕེལ་རྒྱས་བྱུང་ཡོད།  2010ལོར་ཞིང་སྡེའི་རྣམ་པ་གསར་པའི་མཉམ་ལས་སྨན་བཅོས་ནང་ཞུགས་ཚད་མི་གྲངས་དུང་ཕྱུར8.35ཐོག་སླེབས་ནས་ཞིང་སྡེ་མི་གྲངས་བསྡོམས་འབོར་གྱི་བརྒྱ་ཆ96.3ཟིན་ཡོད།  གྲོང་ཁྱེར་དང་གྲོང་རྡལ་ལས་བཟོའི་རྩ་བའི་སྨན་བཅོས་ཉེན་འགོག་འགན་སྲུང་དང་གྲོང་རྡལ་ཡུལ་མིའི་རྩ་བའི་སྨན་བཅོས་ཉེན་འགོག་འགན་སྲུང་ནང་གི་མི་གྲངས་ཞུགས་ཚད་ཁག་འབྱེད་དེ་དུང་ཕྱུར2.34དང་དུང་ཕྱུར1.87ཐོག་སླེབས་ནས་རྩ་བའི་སྨན་བཅོས་འགན་སྲུང་ལམ་ལུགས་དེ་སྐམ་ས་ཆེན་པོའི་བརྒྱ་ཆ93གྱི་མི་གྲངས་ལ་ཁེབས་ཡོད། 
  • ལེ་ཚན་སྔོན་མ།:ཝུན་ཅ་པའོ་ཡིས་ཚན་རིག་པ་རྒན་གྲས་ལ་བྱམས་བརྩེའི་ངང་ཐུག་འཕྲད་གནང་།
  • ལེ་ཚན་རྗེས་མ།:ཧུའུ་ཅི་ཐའོ་ཡིས་སྐབས་དང་པོའི་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ནགས
  • དོ་སྣང་ཆེ་བའི་རྩོམ།