རང་རྒྱལ་གྱིས་བྱེད་ཐབས་སྤྱད་དེ་འབྲོག་པའི་ཡོང་འབབ་མང་ལ་ལས་ཞུགས་ཐམས་ལམ་རྒྱ་ཆེར་གཏོང་བ།  

        2011-09-01

 ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་9ཉིན་གློག་འཕྲིན་འབྱོར་གསལ།  ཀྲུང་གོ་སྲིད་གཞུང་དྲ་བའི་ཐོག་ཚེས་9ཉིན་ཡོངས་བསྒྲགས་བྱས་པའི《འབྲོག་ཁུལ་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་འགའ་ཞིག》ནང་རང་རྒྱལ་གྱིས་བྱེད་ཐབས་སྤྱད་དེ་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འབྲོག་པའི་ཡོང་འབབ་མང་དུ་དང་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་རྒྱུ་ཡིན་ལུགས་བསྟན་པ་རེད།            བྱེད་ཐབས་དེ་དག་ནང་འབྲོག་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་ནས་འབྲོག་ཁུལ་གྱི་ནང་ངོས་དང་ཕྱི་ཕྱོགས་སུ་སྒོ་དབྱེ་བྱེད་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་འབྲོག་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཐོག་འབྲོག་པའི་ཐོན་ལས་གཞན་སྒྱུར་དང་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་གཏོང་དགོས་པ་ཚུད་ཡོད། 
          འབྲོག་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་ཆེད《བསམ་འཆར》ནང་ཁྱད་ལྡན་ཞིང་ཕྱུགས་ཐོན་ཟོག་ལས་སྣོན་ལས་རིགས་འཕེལ་རྒྱས་བཏང་ནས་སྣེ་འདྲེན་ཁེ་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་ཐོན་ལས་སྒྲོག་ཐག་རིང་དུ་བཏང་སྟེ་ཐོན་ཟོག་གི་ཞོར་བསྣན་རིན་ཐང་མཐོ་རུ་གཏོང་དགོས།  རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་འོག་གཏེར་ཐོན་ཐོན་ཁུངས་སྒྲིག་ལམ་ལྡན་པའི་ངང་གསར་སྤེལ་དང་གསར་སྤེལ་གྱི་སྒྲིག་ལམ་བཅོས་སྒྲིག་བྱས་ནས་གསར་སྤེལ་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།   
  • ལེ་ཚན་སྔོན་མ།:ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར16བཏང་ནས་བོད་ལྗོངས་ཀྱི་དངོས་པོ
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་སྐབས་རེ་དྲུག་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིར་བསྐོས་པའི་ན་སའེ་ཨེར་ལ་མཇལ
  • དོ་སྣང་ཆེ་བའི་རྩོམ།