ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར16བཏང་ནས་བོད་ལྗོངས་ཀྱི་དངོས་པོ་མིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་པར་རོགས་སྐྱོར་བྱ་རྒྱུ།

(གངས་སྐྱིད་ཀྱིས་བསྒྱུར།)        2011-09-01

ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གཏམ་གསར།  རིག་གནས་པུའུ་ཡི་པུའུ་ཀྲང་གཞོན་པ་དབྱང་ཀྲི་ཡིས་ཉེ་ཆར་འཚོགས་པའི་སྐབས་གསུམ་པའི་ཀྲུང་གོ་བོད་ལྗོངས་རིག་གནས་གླེང་སྟེགས་ཐོག་ཕྱིར་བསྒྲགས་པར།  ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར156བཏང་ནས་བོད་ལྗོངས་ཀྱི་དངོས་པོ་མེད་པའི་རིག་གནས་ཤུལ་བཞག་སྲུང་སྐྱོར་བྱེད་པར་རོགས་སྐྱོར་བྱ་རྒྱུ་རེད།
          མིག་སྔར།  བོད་ལྗོངས་ལ་རྒྱལ་ཁབ་དང་།  རང་སྐྱོང་ལྗོངས།  གྲོང་ཁྱེར།  རྫོང་བཅས་རིམ་པ་བཞིའི་དངོས་པོ་མེད་པའི་རིག་གནས་ཤུལ་བཞག་གི་མིང་ཐོ་བཀོད་པའི་མ་ལག་ཆགས་ཡོད།  བོད་ཀྱི་གསོ་རིག་དང་།  བོད་ཀྱི་ཤོག་གུ།  ཐང་ག  ལྷ་སའི་མཆོད་མ་སོགས་རྣམ་གྲངས76རྒྱལ་ཁབ་རིམ་པའི་དངོས་པོ་མེད་པའི་རིག་གནས་ཞུལ་བཞག་གི་མིང་ཐོ་ནང་འཇུག་ཡོད།  གེ་སར་སྒྲུང་གཏམ་གླུ་སྤེལ་མ་བྱེད་མཁན་ཚེ་རིང་དགྲ་འདུལ་དང་ཐང་ག་འབྲི་མཁན་བརྟན་པ་རབ་བརྟེན་སོགས་མི་སྣ53ནི་རྒྱལ་ཁབ་རིམ་པའི་དངོས་པོ་མེད་པའི་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་རྒྱུན་འཛིན་པར་བདམས་ཡོད།  འཐུས་ཚབ་ཀྱི་རྣམ་གྲངས222རང་སྐྱོང་ལྗོངས་ཀྱི་དངོས་པོ་མེད་པའི་རིག་གནས་ཤུལ་བཞག་གི་མིང་ཐོ་ནང་བདམས་ཡོད།
  • ལེ་ཚན་སྔོན་མ།:ཡུན་ནན་གྱིས་སྒོར་དུང་ཕྱུར728བཏང་ནས་མི་རིགས་ས་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱིས་བྱེད་ཐབས་སྤྱད་དེ་འབྲོག་པའི་ཡོང་འབབ་མང་ལ་ལས་ཞུགས་ཐམས་ལམ་རྒྱ་ཆེར་གཏོང་བ།  
  • དོ་སྣང་ཆེ་བའི་རྩོམ།