ཡུན་ནན་གྱིས་སྒོར་དུང་ཕྱུར728བཏང་ནས་མི་རིགས་ས་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ།(2)

        2011-09-01


       ཡུན་ནན་གྱིས་སྒོར་དུང་ཕྱུར16.52བཏང་ནས་ཁྱད་ལྡན་ལེགས་ལྡན་གྱི་ཞིང་ལས་ཐོན་ཟོག་རྟེན་གཞི་འཛུགས་སྐྱོང་དང་།  ཚད་ལྡན་ཅན་གྱི་གསོ་སྤེལ་ཁུལ་ཆུང་འཛུགས་སྐྲུན།  ཞིང་ལས་ཐོན་ཟོག་ལས་སྣོན་ལས་རིགས་འཛུགས་སྐྲུན།  མི་རིགས་ཀྱི་སྨན་རྫས་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱེད་པར་བརྟེན་ནས་མི་རིགས་ས་ཁུལ་གྱི་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་ལོ་རེར་ཆ་སྙོམས་བརྒྱ་ཆ12ན་འཕར་བ་བྱ་རྒྱུ་རེད།   ཡུན་ནན་གྱིས་ད་དུང་མི་རིགས་སློབ་གསོ་དང་ཚན་རྩལ་དར་རྒྱས་ཀྱི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱ་རྒྱུར་ཚོད་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར105.2གཏོང་རྒྱུ་རེད།  གཞན་ཡང་སྤྱི་ཚོགས་འགན་ལེན་སོགས་ཀྱི་འདུ་འགོད་ལག་བསྟར་བྱས་ནས་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་ནང་ཞུགས་ཚད་བརྒྱ་ཆ95ཡན་རྒྱུན་འཁྱོངས་ཐུབ་པ་དང2013ལོར་སླེབས་སྐབས་གྲོང་གསེབ་སྤྱི་ཚོགས་ཀྱི་རྒན་གསོའི་འགན་བཅོལ་གྱི་ལམ་ལུགས་གསར་པ་གཞི་རྩའི་ཆར་ཕྱོགས་ཡོངས་སུ་ཁྱབ་པ་བྱ་རྒྱུ་རེད།
  • ལེ་ཚན་སྔོན་མ།:སྐབས་དགུ་པའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཚོང་འདུས་སྤྱི་ཚེས27ཉིན་འགོ་ཚུགས་པ།
  • ལེ་ཚན་རྗེས་མ།:ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར16བཏང་ནས་བོད་ལྗོངས་ཀྱི་དངོས་པོ
  • དོ་སྣང་ཆེ་བའི་རྩོམ།