ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་བ8པའི་ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་9ནས་ཚེས་21ཉིན་བར་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རུ་གཟིགས་སྐོར་སློབ་སྦྱོང་གནང་བར་ཕེབས་པ་དང་འབྲེལ་ཆོས་ཀྱི་བྱེད་སྒོ་ཡང་སྤེལ་ཞིང་། དེ་ནི་2003ལོ་ཚུན་པཎ་ཆེན་རིན་པོ་ཆེ་ཀན་སུའུ་ལ་འཚམས་འདྲི་གནང་ཐེངས་གཉིས་པ་དེ་ཡིན་པ་དང་། ལམ་བར་དུ་པཎ་ཆེན་རིན་པོ་ཆེའི་ནང་དོན་རིག་པའི་མཁྱེན་རྒྱ་ཡངས་པོ་དང་རྒྱལ་གཅེས་ཆོས་གཅེས་ཀྱི་སེམས་པར་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཚོའི་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་གུས་བཀུར་ཟབ་མོ་ཐོབ་པ་རེད།
ལན་ཀྲོའུ་རུ་པཎ་ཆེན་རིན་པོ་ཆེས་ཀྲུང་གོ་རྡོ་སྣུམ་ལན་ཀྲོའུ་རྡོ་སྣུམ་རྫས་འགྱུར་ཀུང་སི་དང་། ཀྲུང་གོ་ཚན་རིག་ཁང་གི་ཉེ་རབས་དངོས་ཁམས་ཞིབ་འཇུག་སུའོ། ནུབ་བྱང་མི་རིགས་སློབ་ཆེན་གྱི་ཡུས་ཀྲུང་སློབ་ཁུལ་བཅས་ལ་གཟིགས་སྐོར་སློབ་སྦྱོང་གནང་སྟེ་འགྲེལ་བཤད་ནན་ཏན་ངང་གསན་པའི་ཁར་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཡང་ཡང་གནང་ཞིང་། ཁོང་གིས་སློབ་གྲྭ་ཇི་ཙམ་གཉེར་བ་དེ་ཙམ་གྱིས་ཡག་ཏུ་ཕྱིན་ནས་སྤྱི་ཚོགས་ལ་སྔར་ལས་མང་བའི་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུའི་སྨོན་འདུན་ཞུས་གནང་བ་དང་འབྲེལ་ཀན་སུའུ་ཞིང་ཆེན་ནང་བསྟན་མཐུན་ཚོགས་གནས་སའི་འཇམ་དབྱངས་ལྷ་ཁང་དུ་ཆོས་ཀྱི་བྱེད་སྒོ་སྤེལ་གནང་བ་རེད།
ཚེས་11ནས་20ཉིན་བར་པཎ་ཆེནརིན་པོ་ཆེས་སྔ་རྗེས་སུ་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་བླ་བྲང་རྫོང་གི་བླ་བྲང་དགོན་དང་ཁོ་ཚེ་དགོན་དང་། ཀླུ་ཆུ་རྫོང་གི་ཤིས་ཚང་སྒར་སར་དགོན་དང་རྨོག་རི་དགོན། གཙོད་གྲོང་ཁྱེར་གྱི་གཙོད་དགོན་སོགས་བོད་བརྒྱུད་ནང་བསྟན་གྱི་དགོན་པར་བཀའ་ཆོས་དང་། ཕྱག་དབང་གནང་བ་དང་། སྨོན་ལམ་གསོལ་འདེབས་གནང་ཞིང་།