ཚེ་རིང་རྒྱ་མཚོས་བསྒྱུར། ཀྲུང་གོའི་བོད་ལྗོངས་དྲ་བ། 2011-08-29
ཟླ8པའི་ཚེས26ཉིན་གྱི་སྔ་དྲོའི་དུས་ཚོད10དང་སྐར་མ30སྟེང་། བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཁུལ་སྐབས9པའི་ཇོ་མོ་གླིང་མའི་རིག་གནས་གནས་སྐོར་དུས་ཆེན་དངོས་སུ་སྤེལ་འགོ་བརྩམས་པ་དང་། ཀྲུང་གུང་གཞིས་རྩེ་ས་ཁུལ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅུའུ་གཞོན་པ་ཞའུ་ཞོའ་ཀོང་གིས་རིག་གནས་གནས་སྐོར་དུས་ཆེན་སྤེལ་འགོ་བརྩམས་པའི་མཛད་སྒོ་སྟེང་གཏམ་བཤད། ཁོས་བཤད་རྒྱུར་ལོ་ངོ10ནང་གཞིས་རྩེ་ས་ཁུལ་གྱིས་ཇོ་མོ་གླིང་མའི་རིག་གནས་གནས་སྐོར་དུས་ཆེན་འདི་ལ་བརྟེན་ནས། གཞིས་རྩེ་ས་ཁུལ་གྱི་མཛེས་ཤིང་སྡུག་པའི་རང་བྱུང་ཁམས་ཀྱི་ཡུལ་ལྗོངས་དང་། ཕུན་སུམ་ཚོགས་པའི་རིག་གནས། ལྷག་བསམ་རྣམ་དག་གི་ཡུལ་སྲོལ་དང་དམངས་སྲོལ་སོགས་འགྲེམ་སྟོན་བྱས་པ་མ་ཟད། དབྱར་ངོས་ཟླ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་དཔལ་འབྱོར་དང་རིག་གནས། སྤྱི་ཚོགས་འཕེལ་རྒྱས་སོགས་མངོན་པར་བསྟན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10