བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ60འཁོར་བར་དགའ་སྟོན་རྟེན་འབྲེལ་གྱི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས།(2)

སྒྲོལ་མ་ཚེ་མཚོ་དང་དབྱངས་ཅན་གྱིས་བསྒྱུར།        2011-07-21


ཞི་ཅིན་ཕིང་གིས་ནན་གསུང་གནང་དོན།བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ60རིང་སྤྱི་ཚོགས་ཀྱི་ལམ་ལུགས་དེ་ལོ་རྒྱུས་རང་བཞིན་ལྡན་པའི་མཆོང་བརྒལ་མངོན་འགྱུར་བྱུང་ཡོད་པ་དང་།དཔལ་འབྱོར་སྤྱི་ཚོགས་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བ།མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཆེན་པོ་བྱུང་བ།མི་རིགས་ཁག་མཐུན་སྒྲིལ་རྒྱུན་ཆད་མེད་པར་སྲ་བརྟན་བྱུང་བ།གནའ་བོའི་ཁྱད་མཚར་ལྡན་པའི་ས་གཞི་འདིར་གནམ་ས་བླ་འོག་སྒྱུར་བའི་རླབས་ཆེན་གྱི་འགྱུར་ལྡོག་བྱུང་ཡོད།བོད་ལྗོངས་ཀྱི་ལོ60རིང་གི་སྤྱིར་བཏང་མིན་པའི་འཕེལ་རྒྱས་ལོ་རྒྱུས་ཐོག་ནས་གཞོམ་ཞིག་མེད་པའི་བདེན་དོན་མཚོན་ཡོད་པ་སྟེ།ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ་བོད་གསར་པའང་མེད་པས།ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་།སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས།མི་རིགས་ས་ཁོངས་རང་སྐྱོང་གི་ལམ་ལུགས།ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་རྒྱུ་བཅས་རྒྱུན་འཁྱོངས་བྱས་ན།བོད་ཀྱིས་སྔར་ལས་ཕུན་སུམ་ཚོགས་པ་དང་།སྔར་ལས་ཡར་རྒྱས།སྔར་ལས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཞིག་བསུ་ཐུབ་ངེས་རེད།
ཞི་ཅིན་ཕིང་གིས་ནན་གསུང་གནང་དོན།ཀྲུང་དབྱང་གིས་བོད་ལྗོངས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་མཐུན་ཧུའུ་ཅིན་ཐའོ་ཡི་“བདུན་གཅིག”གལ་ཆེའི་གསུང་བཤད་ཀྱི་སྙིད་དོན་སློབ་སྦྱོང་དང་ལག་བསྟར་ནན་པོ་བྱེད་དགོས་པ་དང་།ཀྲུང་དབྱང་གི་ཐེངས་ལྔ་པའི་བོད་ལྗོངས་ཀྱི་ལས་ཀའི་བཞུགས་མོལ་ཚོགས་འདུའི་སྙིང་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ།ཀྲུང་དབྱང་གི་བོད་ལྗོངས་ལས་ཀའི་སྐོར་གྱི་ཁྲིད་སྟོན་བསམ་བློ་རྒྱུན་འཁྱོངས་བྱས་ནས།ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་བེད་སྤྱོད་ཡག་པོ་བཏང་ནས་མུ་མཐུད་དེ་དཀའ་སྤྱད་འབད་འཐབ་བྱེད་པ་དང་།མཐུན་སྒྲིལ་དང་།དམངས་གཙོ།འབྱོར་ཕྱུག།དཔལ་ཡོན།འཆམ་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་བརྗིད་ཉམས་ལྡན་པའི་དམིགས་ཡུལ་ལ་དམིགས་ཏེ།དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཡོང་བ་དང་ནུས་ལྡན་གྱིས་དམངས་འཚོ་འགན་ལེན་དང་ལེགས་བཅོས་བཏང་ནས།སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་བ་དང་སྤྱི་ཚོགས་བརྟན་བརླིང་ཡོང་བར་སྲུང་སྐྱོང་ཏན་ཏིག་བྱེད་པ།བོད་ལྗོངས་མཆོང་བརྒལ་འཕེལ་རྒྱས་ཡོང་བ་དང་ཡུན་རིང་བདེ་འགོད་ཡོང་བར་སྐུལ་འདེད་བཏང་ནས།2020ལོར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱ་རྒྱུའི་ལས་འགན་འགྲུབ་གང་ཐུབ་བྱས་ཏེ།བོད་ལྗོངས་མི་རིགས་ཁག་གི་མི་དམངས་ལ་སྔར་ལས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་བསྐྲུན་ཐུབ་པ་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།
    ཀྲང་ཆིང་ལི་ཡིས་ཚོགས་ཆེན་ཐོག་གསུང་བཤད་གནང་རྒྱུར།ཁོང་གིས་ལོ60རིང་གི་སྔོན་བོད་ཞི་བས་བཅིངས་འགྲོལ་བཏང་ནས་བོད་ཀྱི་ལོ་རྒྱུས་ཐོག་གི་དུས་རབས་གསར་པ་ཞིག་གཏོད་ཡོད་པ་རེད།དེ་ནས་བཟུང་རང་རེའི་ཏང་གིས་བོད་ལྗོངས་ཀྱི་མི་རིགས་ཁག་མི་དམངས་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཐུན་མོང་དུ་འབད་འཐབ་བྱས་ཤིང་ལོ60རིང་ལོ་ངོ་སྟོང་ལ་བརྒལ་བའི་མི་ཡུལ་་ངོ་མཚར་ཞིག་བསྐྲུན་པ་རེད།མིག་སྔར་བོད་ལྗོངས་དེ་ཉིད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ཞིག་གི་ཐོག་གནས་ཡོད་པས།ང་ཚོས་སེམས་ཐག་གཙང་བཅད་ཀྱིས་ཀྲུང་དབྱང་གི་ཐེངས་ལྔ་པའི་བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུའི་སྙིང་དོན་ལག་བསྟར་བྱས་ནས།“བོད་ཀྱི་ལས་བྱེད་པ་རྒན་པའི་”སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་བ་དང་།གོ་སྐབས་རྩ་ཆེན་དམ་འཛིན་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་བེད་སྤྱོད་ཡག་པོ་བྱེད་པ།དཀའ་སྤྱད་འབད་འཐབ་དང་མཆོང་བརྒལ་འཕེལ་རྒྱས་ཡོང་བ།ཡུན་རིང་བདེ་འགོད་ཡོང་བར་སྐུལ་འདེད་གཏོང་བའི་དམ་བཅའ་བཞག་ནས།སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པར་བརྗིད་ཆགས་མཛེས་སྡུག་ལྡན་པའི་ལེའུ་ཞིག་འབྲི་གང་ཐུབ་བྱེད་དགོས་ཅེས་གསུངས་པ་རེད།
 
 དེ་རྗེས་མང་ཚོགས་ཀྱིས་བཀྲ་ཤིས་ཤིང་དཀའ་སྤྲོ་རབ་ཏུ་ཁེངས་པའི་ཁྲོམ་སྐོར་གཟབ་རྒྱས་བྱས་པ་རེད།
  • ལེ་ཚན་སྔོན་མ།:བོད་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད།ཞིས་ཅིན་ཕིང་།
  • ལེ་ཚན་རྗེས་མ།:བོད་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ60འཁོར་བར་རྟེན་འབྲེལ་ཞུ་བའི་ཡི་གེཔཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ།
  • དོ་སྣང་ཆེ་བའི་རྩོམ།