བོད་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད།ཞིས་ཅིན་ཕིང་།(3)

        2011-07-20


གྱི་བསམ་བློ་བརྟན་པོ་བཙུགས་ཏེ་བོད་ལྗོངས་གཞི་མཐུན་བརྟན་ལྷིང་གི་དུས་བབ་བཟང་བོ་རྒྱུན་ཆད་མེད་པར་སྲ་བརྟན་དང་གོང་འཕེལ་བཏང་ནས་བོད་ལྗོངས་འདི་ཉིད་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་དཔེ་མཚོན་ཞིག་ཏུ་འགྱུར་བ་བྱེད་དགོས།རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱུན་འཁྱོངས་དང་།སྲ་བརྟན།སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་ཆེས་རྒྱལ་ཁབ་ཀྱི་སྒོ་ནས་བློ་གྲོས་དང་སྟོབས་ཤུགས་རྣམས་གཅིག་འགྲིལ་བྱེད་དགོས།ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ཁྲིམས་བཞིན་ཆོས་ལུགས་བྱ་བར་དོ་དམ་བྱས་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས།ཏྰ་ལའི་རུ་ཚོགས་ཀྱིས་མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱ་སྤྱོད་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཏེ་མི་རིགས་ཁག་གི་ལས་བྱེད་དང་མང་ཚོགས་ལ་བྲལ་མེད་བརྟེན་ནས་ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱད་དེ་བོད་ཀྱི་བརྟན་ལྷིང་ལ་གཏོར་བཤིག་དང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་གནོད་འཚེ་གཏོང་བའི་ངན་ཇུས་མཐའ་དག་ཐལ་བའི་རྡུལ་དུ་མཐར་ཕྱིན་པ་བརློག་དགོས།
བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དཔུང་སྡེ་དང་།དྲག་ཆས་ཉེན་རྟོག་བོད་ལྗོངས་དཔུང་སྡེ།བོད་ཀྱི་སྲིད་ཁྲིམས་དཔུང་ཁག་བཅས་ནི་མེས་རྒྱལ་གྱི་མཐའ་མཚམས་སྲུང་སྐྱོང་དང་བོད་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་སྲུང་སྐྱོང་བྱེད་མཁན་དང་།བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་མཁན་གྱི་སྟོབས་དང་ལྡན་པའི་ཀ་རྟེན་དང་ལྷག་བསམ་རྣམ་དག་གི་སྲུང་དམག་ཅིག་ཡིན་པས།ཕུལ་བྱུང་སྲོལ་རྒྱུན་དང་སྤྱོད་ཚུལ་མུ་མཐུད་དར་སྤེལ་བཏང་སྟེ་བླ་ན་མེད་པའི་ལས་འགན་ཁུར་དུ་བླངས་ནས་བོད་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས།
བློ་མཐུན་རྣམ་པ་དང་།གྲོགས་པོ་རྣམ་པ།
ལོ་རྒྱུས་ཀྱི་རླབས་རྒྱུན་མདུན་ཕྱོགས་སུ་དྲག་པོར་འཕྱུར་ཞིང་།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡོང་བ་ནི་འགོག་ཐབས་མེད་པ་ཞིག་ཡིན་པ་དང་།བོད་ཀྱི་འབྱུང་འགྱུར་ནི་དེ་བས་མཛེས་སྡུག་ལྡན་པ་ཞིག་རེད།ང་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཐོག ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་པས་མཛུབ་ཁྲིད་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོང་གཏིང་ཟབ་བྱས་ནས་སེམས་ནུས་གཅིག་འགྲིལ་དང་།ལམ་བཤངས་ཡར་བརྩོན།སྙིང་སྟོབས་ཆེར་བསྐྱེད་བཅས་ཀྱི་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་རླབས་ཆེན་བྱ་གཞག་མུ་མཐུད་མདུན་ཕྱོགས་སུ་སྤེལ་དགོས།
ང་ཚོའི་རླབས་ཆེན་མེས་རྒྱལ་གྲ་རྒྱས་ཕུན་སུམ་ཚོགས་པའི་སྨོན་འདུན་ཞུ།བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཞུ།བཀྲ་ཤིས་བདེ་ལེགས།

 

  • ལེ་ཚན་སྔོན་མ།:བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལྷ་ས་ནས་འཚོགས་པ།
  • ལེ་ཚན་རྗེས་མ།:བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ60འཁོར་བར་དགའ་སྟོན་རྟེན་འབྲེལ་གྱི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས།
  • དོ་སྣང་ཆེ་བའི་རྩོམ།