འཛམ་གླིང་གི་ཡུལ་སྐོར་གནས་ཡུལ་གལ་ཆེན་ཞིག་བཅས་ཀྱང་ཡིན་པས།བོད་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུ་ནི་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་དགོས་གཏུག་ཆེ་ཤོས་ཡིན་པ་དང་།རྒྱུན་མཐུད་ངང་གོང་འཕེལ་གཏོང་བའི་དགོས་གཏུག་ཆེ་ཤོས་ཡིན་པ།མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་དགོས་གཏུག་ཆེ་ཤོས་ཡིན་པ།མེས་རྒྱལ་གོང་བུ་གཅིག་གྱུར་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པའི་དགོས་གཏུག་ཆེ་ཤོས་བཅས་ཡིན།བོད་ལྗོངས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ་དང་བོད་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་ནི་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་བླང་བྱ་ཁ་གསལ་ཞིག་ཡིན་ལ།བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འདུན་དྲག་པོ་ཞིག་དང་ཐུན་མོང་གི་འགན་འཁྲིའང་ཡིན།ན་ནིང་ཟླ་དང་པོར་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བ་སྐོར་ཚོགས་གནང་སྟེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་རྒྱུའི་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་བ་དང་།བོད་ཀྱི་སླད་ཕྱིན་གྱི་ལས་དོན་ཡག་པོ་སྒྲུབ་རྒྱུར་ཁ་ཕྱོགས་སྔར་བས་གསལ་སྟོན་གནང་ཡོད།འདི་ལོའི་ཟླ་7པའི་ཚེས་1ཉིན།ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་གལ་ཆེའི་གསུང་བཤད་གནང་སྟེ་རང་རེའི་ཏང་གི་ལོ་90ཡི་འོད་སྟོང་འབར་བའི་ལམ་བུ་དང་གཞི་རྩའི་ཉམས་མྱོང་ཆ་ཚང་པོའི་སྒོ་ནས་ཕྱོགས་སྡོམ་གནང་སྟེ་ཏང་གི་སླད་ཕྱིན་དུས་སྐབས་ཤིག་རིང་གི་འབད་འཐབ་དམིགས་ཚད་དང་ལས་འགན་གསལ་པོ་བཏོན་གནང་ཡོད་པ་རེད།གལ་ཆའི་གསུང་བཤད་དེ་ནི་ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་དང་ཏང་འཛུགས་སྐྱོང་གི་རླབས་ཆེའི་ལས་གཞི་གསར་པར་མུ་མཐུད་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་རེད།བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ཡི་“བདུན་གཅིག་”གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་།ཀྲུང་དབྱང་གི་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་མཐའ་འཁྱོངས་ཀྱིས་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ།རྒྱལ་ཡོངས་ཀྱི་རོགས་སྐྱོར་དང་ལེན་ཡ་ག་པོ་བྱེད་པ།མུ་མཐུད་དཀའ་སྤྱད་འབད་འཐབ་བྱེད་པ་བཅས་བྱས་ནས་མཐུན་སྒྲིལ་དང་།དམངས་གཙོ།འབྱོར་ཕྱུག ཤེས་དཔལ།གཞི་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་འཛུགས་སྐྲུན་བྱེད་རྒྱུའི་བརྗིད་ཆེའི་དམིགས་ཚད་ལ་དམིགས་ཏེ་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་བཏང་ཐོག 2020ལོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུའི་ལས་འགན་ངེས་པར་དུ་ལེགས་སྒྲུབ་བྱས་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་སྔར་བས་བདེ་སྐྱིད་ཕུན་སུམ་ཚོགས་པའི་འཚོ་བ་གསར་པ་ཧུར་ཐག་བསྐྲུན་རྒྱུའི་ཀྲུང་དབྱང་ནས་རེ་བ་ནན་པོ་བཅོལ་ཡོད།
གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ་ནི་བོད་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་འགག་རྩ་ཡིན།ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱེད་རྒྱུ་རྒྱུན་འཁྱོངས་དང་།གཞི་རྩའི་རྩ་དོན་བཞི་རྒྱུན་འཁྱོངས།སྒྱུར་བཅོས་སྒོ་དབྱེ་རྒྱུན་འཁྱོངས་བཅས་བྱས་ཐོག ཀྲུང་དབྱང་ནས་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དང་བོད་ཀྱི་ཞིབ་ཕྲའི་དོན་དངོས་ཟུང་འབྲེལ་དམ་ཟབ་སྔར་ལས་ལྷག་པ་བྱས་ཏེ་“ཐོན་ལས་དང་པོའི་ཆུ་ཚད་གོང་མཐོར་གཏོང་རྒྱུ་དང་།ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་རྒྱུ།ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ”བཅས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་ཐབས་ཇུས་ལ་སྐུལ་སྤེལ་ཧུར་ཐག་བཏང་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་བའི་ལམ་བུའི་ཐོག་བོད་འདི་བཞིན་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས།ལྗོངས་ཡོངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ཐོག ཞིང་འབྲོག་ལས་གོང་འཕེལ་གཏོང་བའི་ཆུ་ཚད་བརྟན་པོའི་སྒོ་ནས་གོང་མཐོར་གཏོང་དགོས་པ་དང་།དམིགས་བསལ་ཁྱད་ལྡན་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་དགོས་ལ།འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ།ཕྱི་ཕྱོགས་སུ་སྒོ་མོ་དབྱེ་བའི་ཆུ་ཚད་སྔར་བས་གོང་མཐོར་གཏོང་དགོས་པ་བཅས་བྱས་ནས་བོད་ལྗོངས་རང་ངོས་ནང་གོང་འཕེལ་གཏོང་བའི་ནུས་པ་ཆེ་རུ་ཏན་ཏིག་འགྲོ་བ་བྱེད་དགོས།
དམངས་ཀྱི་འཚོ་བ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ཐོག་མའི་དམིགས་ས་དང་དོན་ལ་འབབ་ས་ཞིག་ཡིན།ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་རྣམས་ལ་སྦྱོང་དུས་སློབ་མཁན་ཡོད་པ་དང་།ལས་ཀར་ཐོབ་ཆ་ཡོད་པ།ན་དུས་སྨན་བཅོས་ཐུབ་པ།རྒན་དུས་གསོ་མཁན་ཡོད་པ།སྡོད་སའི་ཁང་པ་ཡོད་པ་བཅས་ཀྱི་བླང་བྱ་གཞིར་བཟུང་།དཔལ་འབྱོར་གོང་འཕེལ་གཏོང་བའི་རྨང་གཞིའི་ཐོག དམངས་ཀྱི་འཚོ་བ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུ་གཙོ་གནད་དུ་འཇོག་པའི་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མ་གྱོགས་སུ་གཏོང་དགོས་པ་དང་།སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་བ་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་དགོས་པ།སློབ་གསོ་སྔོན་ལ་གོང་འཕེལ་གཏོང་རྒྱུའི་སྲིད་ཇུས་བྱ་ཐབས་ཁག་དོན་འཁྱོལ་བྱེད་དགོས་པ།སྨན་བཅོས་འཕྲོད་བསྟེན་བྱ་གཞག་གོང་འཕེལ་ཤུགས་ཆེ་གཏོང་དགོས་པ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ཡོངས་ལ་ཁེབས་ཐུབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་གང་མགྱོགས་འཛུགས་རྒྱུ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ།དབུལ་སྐྱོར་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་།ཐད་ཀའི་འབྲེལ་བ་ཆེ་ཤོས་ཡོད་པ།དངོས་ཕན་ཆེ་ཤོས་ཡོད་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས།
སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དར་སྤེལ་གཏོང་རྒྱུ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ཀྱི་ཐུན་མོང་གི་བསམ་པའི་ཞིང་ཁམས་སྐྲུན་རྒྱུའི་དགོས་ངེས་ཀྱི་བླང་བྱ་ཞིག་རེད།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་ལ་བརྟེན་ནས་སྟོབས་ཤུགས་གཅིག་འགྲིལ་བྱེད་རྒྱུ་དང་།རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་བྱེད་པའི་མི་རིགས་ཀྱི་སྙིང་སྟོབས་དང་སྒྱུར་བཅོས་གསར་གཏོད་སྲོག་ཤིང་དུ་བྱེད་པའི་དུས་རབས་ཀྱི་སྙིང་སྟོབས།དེ་བཞིན་དཀའ་སྤྱད་འབད་འཐབ་སྲོག་ཤིང་དུ་བྱེད་པའི་“བོད་སྐྱོད་རྒན་རབས་པའི”སྙིང་སྟོབས་བཅས་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱི་བློ་སྟོབས་ལ་སྐུལ་ལྕག་གཏོང་དགོས་པ་དང་།སྤྱི་ཚོགས་རིང་ལུགས་ཀྱི་གཟི་ཁྲེལ་ལྟ་བས་སྤྱི་ཚོགས་ཀྱི་སྲོལ་བཟང་ལ་ཁྲིད་སྟོན་བྱེད་རྒྱུ་བཅས་རྒྱུན་འཁྱོངས་བྱས་ཏེ་མི་རྣམས་ཀྱི་སེམས་སུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་གཏིང་ཟབ་ཟུག་པ་བྱས་ནས་དེ་ལྗོངས་ཡོངས་ཀྱི་ལྟེ་བའི་རིག་ཐང་མ་ལག་གཏིང་ཟབ་ཟུག་པ་བྱས་ནས་དེ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་མང་ཚོགས་ཀྱི་རང་འགུལ་བྱ་སྤྱོད་དུ་འགྱུར་བ་བྱེད་དགོས།བོད་ཀྱི་ཕུལ་བྱུང་རིག་གནས་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་སྲུང་སྐྱོབ་ཀྱི་ཁྲོད་དུ་རྒྱུན་འཛིན་དང་གསར་གཏོད་ཀྱི་ཁྲོད་དུ་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་བོད་ཀྱི་རིག་གནས་བྱ་གཞག་གོང་འཕེལ་དང་དར་རྒྱས་ཡོང་རྒྱུར་སྐུལ་འདེད་ཟམ་མི་ཆད་པ་གཏོང་དགོས།སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོབ་བྱེད་རྒྱུ་ནི་བོད་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་།མི་རིགས་ཁག་གི་མི་དམངས་རྣམས་ཀྱི་མཛེས་སྡུག་བདེ་སྐྱིད་ལྡན་པའི་འཚོ་བ་མངོན་འགྱུར་བྱེད་པའི་རྩ་བའི་འགན་ལེན་ཡིན།ཕྱོགས་ཡོངས་ནས་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཐོག མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་རྒྱུའི་བརྗོད་བྱ་གཙོ་བོ་ཁོང་དུ་བརྟན་པོ་ཆུད་པ་བྱེད་དགོས་པ་དང་།“ཁ་འབྲལ་ཐབས་མེད་པ་གསུམ་”