རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་བཞི་པ་པེ་ཅིན་དུ་ཚོགས་འགོ་ཚུགས་པ།(2)

གངས་སྐྱིད་ཀྱིས་བསྒྱུར།        2011-03-08


ཁོང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་གཏོང་བའི་ལམ་བུའི་ཐོག་བསྐྱོད་པར་རྒྱུན་འཁྱོངས་བྱས་ནས་བསམ་བློ་རིགས་གཞུང་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ་དང་།  ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཆར་འགོད་སྡེབ་སྒྲིག་བཟོ་འགོད་དང་དཔལ་འབྱོར་བརྟན་ཞིང་མགྱོ གས་ཙམ་འཕེལ་རྒྱས་ཡོང་བར་རྒྱུན་འཁྱོངས་བྱས་ནས་གྲོས་མོལ་དང་སྲིད་དོན་གྲོས་བསྡུར་བྱེད་པ།   དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱས་ཏེ་ཧུར་ཐག་གིས་ཏང་དང་སྲིད་གཞུང་གིས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་བར་རོགས་རམ་བྱེད་པ།  མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན་ཡོང་བར་སྐུལ་འདེད་བཏང་ནས་ནན་ཏན་གྱིས་མི་རིགས་ཆོས་ལུགས་ཀྱི་སྲིད་ཇུས་ལག་ལེན་མཐའ་ཕྱིན་བསྟར་བ།  ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་སེམས་ཤུགས་གཅིག་སྒྲིལ་བྱས་ནས་མཐུན་སྒྲིལ་དང་མཐུན་འབྲེལ་གྱི་ལས་ཀར་ཤུགས་སྣོན་ཏན་ཏིག་རྒྱག་པ།  རང་རྒྱལ་གྱི་འཕེལ་རྒྱས་གཏོང་བར་ཕྱི་རོལ་གྱི་ཁོར་ཡུག་བཟང་པོ་བསྐྲུན་ནས་ཕྱིར་བརྗེ་རེས་དང་མཉམ་ལས་བྱ་རྒྱུའི་ལམ་བུ་ཇེ་ཆེ་རུ་གཏོང་བ།  མི་དམངས་སྲིད་གྲོས་ལས་ཀའི་ཚན་རིག་གི་ཆུ་ཚད་མཐོ་རུ་བཏང་ནས་ཤུགས་ཆེན་པོས་རྒྱུན་ལྡན་རང་བཞིན་གྱི་ལས་ཀ་གསར་གཏོད་སྤེལ་བར་སྐུལ་འདེད་གཏོང་བ་བཅས་ཕྱོགས་བདུན་ལ་དམིགས་ནས་འདས་ཟིན་པའི་ལོ་གཅིག་གི་མི་དམངས་སྲིད་གྲོས་གྱི་ལས་ཀ་ཕྱོགས་བསྡུས་གནང་ཡོད། 
ཅ་ཆིང་ལིན་གྱིས་ནན་གསུངས་གནང་དོན།  2010ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་འཁོར90ཡིན་ལ།  ལོ་ལྔའི་འཆའ་གཞི་བཅུ་གཉིས་པའི་འཆར་འགོད་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་དང་པོའང་ཡིན་པ།  མི་དམངས་སྲིད་གྲོས་ཀྱིས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་གལ་འགངས་ཆེ་བའི་བསམ་བློས་ཁྲིད་སྟོན་བྱ་རྒྱུར་རྒྱུན་འཁྱོངས་བྱས་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་བའི་ལྟ་བ་ལག་ལེན་མཐའ་ཕྱིན་གཏིང་ཟབ་གཏོང་དགོས་ཤིང་།  ཀྲུང་གུང་སྐབས་བཅུ་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་དཔལ་འབྱོར་ལས་ཀའི་ཚོགས་འདུའི་སྙིང་དོན་ལག་ལེན་མཐའ་ཕྱིན་གཏིང་ཟབ་གཏོང་དགོས།  མུ་མཐུད་དེ་གནད་ཆེ་བའི་འཐབ་ཇུས་ཀྱི་གོ་སྐབས་དུས་རིམ་དམ་འཛིན་དང་བེད་སྤྱོད་ཡག་པོ་བྱས་ཤིང་།  ཏང་དང་རྒྱལ་ཁབ་ཀྱི་ལྟེ་གནས་ཀྱི་ལས་ཀ་དམིགས་པ།  ཚན་རིག་དང་མཐུན་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་རྒྱུ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་འཕོ་འགྱུར་བྱེད་པ་དེ་འགན་ནུས་ལག་ལེན་བྱེད་ཡས་ཀྱི་ཨང་དང་པོའི་ལས་འགན་རྩིས་དགོས།  སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་དོར་ཐབས་མེད་པའི་ལས་འགན་ཞིག་རྩིས་དགོས།  སྲིད་གྲོས་ལས་ཀའི་ཚན་རིག་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་རང་ཉིད་འཛུགས་སྐྲུན་བྱ་རྒྱུའི་དམིགས་ཡུལ་རྩིས་དགོས།   སེམས་ཤུགས་གཅིག་སྒྲིལ་གྱིས་ཆབ་སྲིད་གྲོས་མོལ་གྱི་ལས་ཀ་ཡག་པོ་ལས་དགོས།  ཧུར་ཐག་དང་བརྟན་པོའི་ངང་དམངས་གཙོ་ལྟ་སྐུལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།   ཏན་ཏིག་དང་ཕན་ནུས་ལྡན་པའི་ངང་སྲིད་གཞུང་ལ་ཞུགས་པ་དང་སྲིད་དོན་གྲོས་གླེང་བྱ་རྒྱུའི་ལས་ཀ་སྤེལ་ནས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་ཀྱི་ལས་ཀ་ཁག་ལས་འགོ་ཡག་པོ་ཚུགས་ཐུབ་པའི་དམིགས་ཡུལ་མངོན་འགྱུར་བྱ་རྒྱུ་དང་།  ལྟོ་དགོས་གཉིས་འཛོམས་ཀྱི་སྤྱི་ཚོགས་བསྐྲུན་རྒྱུའི་རྒྱས་ཁ་གསར་པ་ཐོབ་པར་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་དགོས་པ་རེད།
ཝང་ཀྲི་ཀྲེང་གིས་སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་གྲོས་གཞི་ལས་ཀ་སྤེལ་ཚུལ་ཞུས་ཏེ།  ལོ་གཅིག་ནང་།  སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཀྱི་ཞུགས་མཁན་སྡེ་ཚན་ཁག་དང་ཆེད་དོན་ཨུ་ལྷན་གྱིས་གྲོས་གཞི5678ཕུལ་ཡོད།  གྲོས་ཞིབ་དང་གྱོ ད་དོན་ཐོ་འགོད་བྱེད་པའི་གྱོ ད་གཞི5300ཡོད་པ།  2011ལོའི་ཟླ་བ2པའི་ཚེས20ཉིན་སླེབས་དུས་གྲོས་གཞི5273གྱོ ད་དོན་ཐོ་འགོད་ཀྱིས་ཐག་བཅད་ཡོད།
ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་པ་ཚོགས་འགོ་ཚུགས་པའི་ཚོགས་ཆེན་ནང་ཟུར་ཞུགས་བྱས་ཤིང་།  རྒྱལ་ཁབ་ཁག་གི་ཀྲུང་གོར་བཅའ་སྡོད་བྱེད་མཁན་གཞུང་ཚབ་རྣམས་ཀྱིས་གདན་འདྲེན་ལྟར་ཚོགས་འགོ་ཚུགས་པའི་ཚོགས་ཆེན་ནང་ཟུར་ཉན་བྱས་ཡོད། 
  • ལེ་ཚན་སྔོན་མ།:སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པ་པེ་ཅིན་དུ་འཚོགས།
  • ལེ་ཚན་རྗེས་མ།:ཚན་རྩལ་གྱིས་ཞིང་ལས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ།
  • དོ་སྣང་ཆེ་བའི་རྩོམ།