རྫ་ཆུ་ཁ་བའི་གྱོན་ཆས་པེ་ཅིང་རྒྱལ་སྤྱིའི་གཟབ་སྤྲོས་དུས་སུ་བསྟན་པ།

    མི་དམངས་དྲ་བ།    2017-03-29


རྫ་ཆུ་ཁ་བའི་གྱོན་ཆས་པེ་ཅིང་རྒྱལ་སྤྱིའི་གཟབ་སྤྲོས་དུས་སུ་བསྟན་པ།

     ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་གི་རྫ་ཆུ་ཁ་བའི་འབྲོག་མིའི་གྱོན་ཆས་རིག་གནས་བརྗོད་གཞི་གཙོ་བོར་བྱས་པའི་བྱེད་སྒོ་རབ་དང་རིམ་པ་པེ་ཅིང་གི་ཀྲུང་གོའི་རྒྱལ་སྤྱིའི་གྱོན་ཆས་གཟའ་འཁོར་ཏུ་ཞུགས་པ་རེད། འདི་ནི་བོད་ཀྱི་གྱོན་ཆས་སྤུས་རྟགས་རྒྱལ་སྤྱིའི་གཟབ་སྤྲོས་དུས་ལ་ཐོག་མར་སྤེལ་བ་རེད།

     ད་ལྟའི་བར་དུ། ཀྲུང་གོ(ཞང་ཀང་དང་ཨའོ་མོན་འདུས་པ)དང་ཉི་ཧོང་། ཁོ་རེ་ཡ་ལྷོ་མ། སིང་ཀ་ཕོར། ཧྥ་རན་སི། དབྱི་ཐ་ལི། ཨ་རི། ཨུ་རུ་སུའུ། སུའེ་ཙེར། འཇའ་མན། ཧོ་ལན། སུའེ་ཏན། ཏེན་མག དབྱིན་ཇི་སོགས་རྒྱལ་ཁབ550ལྷག་གི་ཇུས་འགོད་པ་དང་། སྤུས་རྟགས་ཅན་དང་ལས་ཁུངས520ལྷག་ཙམ་གྱིས་འགྲེམས་ཚོགས་ཐེངས་གྲངས1152ཙམ་བྱས་པ་རེད། ཇུས་འགོད་པ་དང་མོ་ཐྲོལ3300ལྷག་ཙམ་ཆེད་ལས་འགྲན་བསྡུར་གྱི་སྤྱིའི་འགྲན་བསྡུར126ལ་ཞུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་གཟབ་སྤྲོས་དུས་འགོ་ཚུགས་པའི་ཉིན་དེར། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་ཕོ་ཉ་མ་ལི་ཡ་ཁའེ་ཁེ་ཡིས་རྫ་ཆུ་ཁའི་བོད་གོས་གཟབ་མཆོར་སྤྲས་ནས་པེ་ཅིང་གི་རྒྱལ་སྤྱིའི་གཟབ་སྤྲོས་བྱེད་སྒོའི་འགོ་ཚུགས་མཛད་སྒོའི་གདན་དམར་ཐོག་བསྐྱོད་པ་རེད།


རྫ་ཆུ་ཁ་བའི་གྱོན་ཆས་པེ་ཅིང་རྒྱལ་སྤྱིའི་གཟབ་སྤྲོས་དུས་སུ་བསྟན་པ།


      ཀྲུང་གོའི་རྒྱལ་སྤྱིའི་གཟབ་སྤྲོས་དུས་ནི1997ལོར་འགོ་ཚུགགས་ཤིང་། ལོ་རེའི་ཟླ3ཚེས25ཉིན་ནས་ཚེས31བར་དང་། ཟླ10ཚེས25ཉིན་ནས་ཚེས31བར་དཔྱིད་དབྱར་དང་སྟོན་དགུན་གྱི་དུས་སུ་པེ་ཅིང་དུ་གཉེར་གྱི་ཡོད་པ་རེད།


  • ལེ་ཚན་སྔོན་མ།:མི་རིགས་རོལ་དབྱངས་ཟློས་གར་ཆེ་གྲས༼ དར་མདོའི་མཛའ་གཞས༽ཀོང་ཏུང་དུ་འཁྲབ།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་ཀྱི་དགེ་རྒན་དོ་དམ་ཆ་འཕྲིན་མ་ལག་ཁྱོན་ཡོངས་ནས་སྤྱོད་འགོ་ཚུགས་པ།
  • དོ་སྣང་ཆེ་བའི་རྩོམ།