བདེ་སྐྱིད་ཀྱིས་བསྒྱུར། 2017-03-28
གངས་རི་དང་མཚེའུ། མེ་ཏོག་གི་རྒྱ་མཚོ། རྩྭ་ཐང་བཅས་དཀར་མཛེས་ཀྱི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་ཡིན་ཞིང་། ཀོང་ཀྲོའུ་ཡི་ལྷོ་ཕྱོགས་ཟློས་གར་ཁང་ནང་རེས་སྐོར་གྱིས་འགྲེམས་སྟོན་བྱས་ཡོད་པ་རེད། ཟླ་བ3པའི་ཚེས19ཉིན་ནས་བཟུང་། རང་ཁུལ་གྱི་གླུ་གར་ཚོགས་པས་འཁྲབ་པའི་མི་རིགས་རོལ་དབྱངས་ཟློས་གར་ཆེ་གྲས《དར་མདོའི་མཛའ་གཞས》དེ་ཀོང་ཀྲོའུ་ཡི་ཟློས་གར་ཁང་ནང་ཉིན5འཁྲབ་སྟོན་བྱས་པ་རེད།
《དར་མདོའི་མཛའ་གཞས》ཞེས་པའི་མི་རིགས་རོལ་དབྱངས་ཟློས་གར་དེ་ནི་འཛམ་གླིང་ཐོག་སྐད་གྲགས་ཡོད་པའི་སི་ཁྲོན་དམངས་གཞས《དར་མདོའི་མཛའ་གཞས》ལ་རྨང་གཞིར་བྱས་ཏེ། ཁམས་པའི་དྲེལ་པ་ཕོ་རྒོད་ཧྭ་ཅུན་དང་བོད་རིགས་བུ་མོ་བསམ་གྲུབ་བར་གྱི་མཛའ་སེམས་ཀྱི་གཏམ་རྒྱུད་ལ་གཞིགས་ནས། ཁམས་པའི་ས་ཁུལ་གྱི་རྒྱ་བོད་མི་རིགས་གཉིས་ཀྱི་བརྩེ་དུང་དང་སྤུན་ཟླའི་བརྩེ་དུང་། མཛའ་སེམས་དང་གཉེན་ཉེའི་བརྩེ་དུང་སོགས་མཚོན་པའི་མི་རིགས་རོལ་དབྱངས་ཟློས་གར་ཞིག་ཡིན་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། 《དར་མདོའི་མཛའ་གཞས》རོལ་དབྱངས་ཟློས་གར་དེ་ནི་རྒྱལ་ཁབ་ཀྱི་སྒྱུ་རྩལ་ཐེབས་རྩའི་རོགས་སྐྱོར་བྱས་པའི་ལས་གཞི་ཡིན་ལ། ད་ལོའི་ཟླ་བ་དང་པོར་རྒྱལ་ཡོངས་སུ་འཁྲབ་འགོ་ཚུགས་པ་ནས་བཟུང་། དེ་རྗེས་ཀོང་ཏུང་དང་ཀོང་ཀྲོའུ་རུ་དུས་ཡུན་ཉིན5འཁྲབ་སྟོན་བྱས་རྗེས་ཀོང་ཏུང་གི་ཏུང་ཀོན་ལ་འཁྲབ་རྒྱུ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10