ལྷ་འཛོམས་ཀྱིས་བསྒྱུར། 2017-03-28
ཟླ་བ3པའི་ཚེས20ཉིན་སི་ཁྲོན་ཞིང་ཆེན་གྱི་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་དེ་ཁྲེང་ཏུའུ་རུ་འཚོགས་པ་རེད། ཚོགས་ཆེན་ཐོག་རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་གྱི་སྙིང་དོན་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དང་ཉེ་ལོར་རང་རེའི་ཞིང་ཆེན་གྱི་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་ལས་ཀར་ཕྱོགས་བསྡོམས་བྱས་ཤིང་། བདེ་ཐང་སི་ཁྲོན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏང་རྒྱུའི་འབྲེལ་ཡོད་ལས་ཀར་བཀོད་སྒྲིག་བྱས་པ་རེད།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་ཚོགས་ཆེན་ནང་ཞུགས་ནས་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་ཡིས་ཚོགས་ཆེན་གྱི་གཙོ་འགན་བཞེས་པ་རེད།
ཚོགས་ཐོག་ཞིང་དཔོན་གཞོན་པ་དབྱང་ཞིན་ཕིང་གིས་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིང་དང་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན། ཞིང་ཆེན་རྒྱ་སྨན་སྨན་རྫས་དོ་དམ་ཅུས་བཅས་ཀྱི《སི་ཁྲོན་ཞིང་ཆེན་སྨན་བཅོས་འཕྲོད་བསྟེན་གྱི་ཚེ་གང་གི་གྲུབ་འབྲས་བྱ་དགའ་འཐོབ་པར་གཟེངས་བསྟོད་གནང་རྒྱུའི་སྐོར་གྱི་གཏན་འབེབས》སྒྲོག་འགྲེལ་བྱས་པ་དང་། ཞིང་ཆེན་གྱི་འགོ་ཁྲིད་ཚོས་བྱ་དགའ་འཐོབ་མཁན་འཐུས་མིར་བྱ་དགའ་གནང་བ་རེད།
ལུའུ་ཀྲོའུ་གྲོང་ཁྱེར་དང་ཀོང་ཨན་གྲོང་ཁྱེར། ཁོར་ཡུག་སྲུང་སྐྱོང་ཐིང་སོགས་ཀྱི་སྡེ་ཚན་གྱི་འགན་ཁུར་མི་སྣས་གཏམ་བཤད་སྤེལ་རེས་བྱས།
ཝང་ཏུང་མིང་གིས་ནན་གསུང་གནང་དོན། བདེ་ཐང་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་བརྗོད་གཞི་འགྱུར་བ་མེད་པ་ཡིན་པས། དེང་སྐབས་སི་ཁྲོན་ཞིང་ཆེན་དེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པོ་དང་དཔལ་འབྱོར་སྟོབས་ལྡན་གྱི་ཞིང་ཆེན་སྐྲུན་པའི་གནད་འགག་གི་དུས་སུ་སླེབས་པས། འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་དེ་ད་དུང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་ཞན་ཆ་ཡིན་པས། སྲ་བརྟན་འགྱུར་མེད་ཀྱིས་བདེ་ཐང་སྔོན་དུ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ནས་བདེ་ཐང་གི་སི་ཁྲོན་འཛུགས་སྐྲུན་ལ་སྐུལ་འདེད་གཏང་རྒྱུ་དེ་ལས་ཀྱང་གལ་ཆེན་པོ་ཞིག་ཡིན་ནོ།། དེང་སྐབས་དང་སླད་ཕྱིར་དུས་སྐབས་ཤིག་ལ་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ལས་ཀའི་སྤྱིའི་བླང་བྱ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གལ་ཆེ་བའི་གསུངས་བཤད་རབ་རིམ་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་སྲ་བརྟན་འཛིན་ཞིང་ལག་བསྟར་དོན་འཁྱོལ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་འཕྲོད་བསྟེན་དང་བདེ་ཐང་འཕེལ་རྒྱས་ཀྱི་ལམ་བུར་རྒྱུན་འཁྱོངས། ཡང་དག་པའི་འཕྲོད་བསྟེན་དང་བདེ་ཐང་ལས་ཀའི་བྱེད་ཕྱོགས་རྒྱུན་འཁྱོངས་བཅས་བྱས་ནས་མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོར་འདེགས་གཏང་རྒྱུས་ཡང་སྙིང་དང་སྲོག་ཤིང་བྱས་ནས་བདེ་ཐང་འཚོ་བ་དང་བདེ་ཐང་ཞབས་ཞུ་ལེགས་སུ་གཏོང་བ། བདེ་ཐང་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ། བདེ་ཐང་གི་ཁོར་ཡུག་འཛུགས་སྐྲུན་བྱེད་པ། བདེ་ཐང་ཐོན་ལས་འཕེལ་རྒྱས་གཏང་རྒྱུས་གཙོ་གནད་བྱས་ནས་འཕྲོད་བསྟེན་དང་བདེ་ཐང་འཕེལ་རྒྱས་བྱེད་སྟངས་མགྱོགས་སུ་བསྒྱུར་ཏེ་མགྱོགས་མྱུར་དུ་བདེ་ཐང་སི་ཁྲོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཧུར་ཐག་གིས་ཕྱོགས་གང་ཅིའི་ཐད་དང་དུས་ཡུལ་ཧྲིལ་པོར་མི་དམངས་བདེ་ཐང་ལ་འགན་སྲུང་བྱ་གང་ཐུབ་བྱས་ཏེ། རང་རེའི་ཞིང་ཆེན་གྱི་མཆོངས་བརྒལ་གཉིས་ལ་སྐུལ་འདེད་གཏོང་ཞིང་། ཀྲུང་གོའི་ཕུགས་འདུན་གྱི་སི་ཁྲོན་ལེ་ཚན་བརྩམས་པར་རྨང་གཞི་སྲ་ཞིང་བརྟན་པ་ཞིག་འདིང་དགོས།
ཝང་ཏུང་མིང་གིས་ནན་གསུང་གནང་དོན། སྔོན་འགོག་བྱ་རྒྱུས་གཙོ་བོ་བྱས་ནས་ཁྱོན་ཡོངས་ནས་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏང་དགོས། བློ་ཐག་རྦད་བཅད་ཀྱིས་བདེ་ཐང་དབུལ་སྐྱོར་འགག་སྒྲོལ་ཆེན་པོ་བྱས་ནས་དབུལ་ཕོངས་མང་ཚོགས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་གནད་ལ་སྨིན་པ་བྱེད་པའི་དམིགས་འབེན་གྲུབ་པར་བྱ་དགོས། སྔར་ལྷག་གིས་བདེ་ཐང་ཐོན་ལས་འཕེལ་རྒྱས་ཆེན་པོ་བཏང་ནས་མང་ཚོགས་ཀྱི་བདེ་ཐང་མཁོ་དགོས་དེ་ལས་ཀྱང་སྐོང་ཐུབ་པ་བྱ་དགོས། འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་འཕེལ་རྒྱས་གཏོང་བའི་གནད་འགག་ནི་མི་ཡིན་པས་ངེས་པ་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ནས་མི་དམངས་ཀྱི་བློར་བབ་པའི་འཕྲོད་བསྟེན་དང་བདེ་ཐང་ལས་སྒྲུབ་མི་སྣ་དཔུང་སྡེ་ཞིག་འཛུགས་སྐྲུན་བྱ་དགོས།
རྟིང་མར་ཁོང་གིས་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་ལ་བདེ་ཐང་གི་སི་ཁྲོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་ནི་དོར་ཐབས་མེད་པའི་ལས་འགན་ཡིན་པས། ཏང་གིས་འཕྲོད་བསྟེན་དང་བདེ་ཐང་ལས་ཀར་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་ནང་བཞག་ནས་སྔར་ལྷག་གིས་གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་དང་འགན་འཁྲི་དཔྱད་ཞིབ་དང་འགན་འཁྲི་རྩད་གཅོད། དྲིལ་བསྒྲགས་ཁྲིད་སྟོན་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་བདེ་ཐང་གི་སི་ཁྲོན་འཛུགས་སྐྲུན་བྱེད་པར་སྲ་ཞིང་བརྟན་པའི་འགན་སྲུང་བྱ་དགོས་པའི་ཐུགས་རེ་གནང་བ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10