ཧྥུང་ཧྥ་ཀུའེ་ཡིས་འཐུས་མི་དང་ཨུ་ཡོན་ལ་འཚམས་འདྲི་གནང་།

ཀུན་དགས་བསྒྱུར།        2024-01-30

    ཧྥུང་ཧྥ་ཀུའེ་ཡིས་འཐུས་མི་དང་ཨུ་ཡོན་ལ་འཚམས་འདྲི་གནང་།

   སྤྱི་ཟླ་དང་པོའི་ཚེས28ཉིན་གྱི་ཕྱི་དྲོར།ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གི་མངགས་བཅོལ་ལྟར་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཁུལ་ཚོགས་ཆེན་གཉིས་ཀྱི་འཐུས་མི་དང་ཨུ་ཡོན་གྱི་བཞུགས་གནས་སུ་ཕེབས་ནས་སྐབས་བཅུ་གསུམ་པའི་ཁུལ་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་གསུམ་པར་ཞུགས་མཁན་གྱི་འཐུས་མི་དང་ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་མཁན་གྱི་ཨུ་ཡོན་ལ་འཚམས་འདྲི་གནང་བ་རེད། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལེ་ཅན་ཕིང་མཉམ་དུ་འཚམས་འདྲིར་ཕེབས་ཡོད།

    ཧྥུང་ཧྥ་ཀུའེ་དང་བཅས་པ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཁྲོད་ཕེབས་ནས་ཚང་མར་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་ཕན་ཚུན་འཚམས་འདྲི་ཞུས་ཡོད། ཁོང་གིས་འདས་ཟིན་པའི་ལོ་གཅིག་ནང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་། དེ་བཞིན་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པར་བརྟེན་བྱ་གཞག་ཁག་ལ་ཡར་རྒྱས་ཆེན་པོ་བྱུང་བ་དང་།དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་པ།དམངས་འཚོ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ།སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བཅས་བྱུང་ཡོད། གྲུབ་འབྲས་དེ་དག་གི་ཐོག་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཚོའི་སེམས་ནུས་དང་།བློ་གྲོས།རྔུལ་ཆུ་བཅས་འདུས་ཡོད་པས་ཚང་མས་ཁུལ་ཡོངས་ཀྱི་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་ཆེད་བྱས་རྗེས་ཕུལ་བར་ཁས་ལེན་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཚོགས་ཆེན་གཉིས་ནི་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས་སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་དང་རེ་སྒུག་ཆེན་པོ་ཐོབ་ཡོད། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་རྣམ་པས་ཁུལ་ཡོངས་ཀྱི་མི་དམངས་ཀྱི་ཡིད་ཆེས་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་རང་འཁྲིའི་ལས་སར་གཞི་ཚུགས་པ་དང་རང་འགན་གཙང་སྒྲུབ་ཀྱིས་གཞི་རིམ་གྱི་སྐད་ཆ་ཡར་ཞུ་བ་དང་། ཐབས་དང་ཇུས་འདོན་ཧུར་ཐག་བྱས་ནས་ཚོགས་ཆེན་གྱི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་ཏེ་ཁུལ་ཡོངས་ཀྱི་བྱ་གཞག་ཁག་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཅེས་གསུངས།

    དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཚོས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་བསམ་པའི་ཉམས་འགྱུར་ཟབ་མོ་བཅངས་ནས་འགན་འཁྲི་ནན་ཏན་བསྒྲུབས་ཏེ་ཁུལ་ཚོགས་ཆེན་གཉིས་ཐུགས་གྲ་ལེགས་འགྲིག་ཡོང་བར་འགན་ལེན་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    ཁུལ་མགོ་ཁྲིད་ཏེང་ལི་ཅུན་དང་། ཀྲང་ཐུང་རུང་། ཡིའུ་ཞང་ཧྥེ། མ་ཁྲང་ཞིན་སོགས་དང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་དྲུང་ཆེ་འཚམས་འདྲིར་ཕེབས་པ་རེད།།


  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་ཁུལ་སྲིད་གྲོས་གྲོས་ཚོགས་སུ་གསུང་བཤད་འདི་ལྟར་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།