ཧྲེན་དབྱང་གིས་ཁུལ་སྲིད་གྲོས་གྲོས་ཚོགས་སུ་གསུང་བཤད་འདི་ལྟར་གནང་།

ལོ་ཙཱ། རྟ་མགྲིན་རྡོ་རྗེ་དང་སྐལ་ཐུབ།        2024-01-30

ཧྲེན་དབྱང་གིས་ཁུལ་སྲིད་གྲོས་གྲོས་ཚོགས་སུ་གསུང་བཤད་འདི་ལྟར་གནང་།


    སྤྱི་ཟླ་དང་པོའི་ཚེས29ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་དར་མདོར་འཚོག་འགོ་ཚུགས། 

   ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད། ཁོང་གིས་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཚབ་མཛད་ནས་ཚོགས་ཆེན་འཚོག་པར་སྤྲོ་སེམས་འཕེལ་བའི་རྟེན་འབྲེལ་ཞུས་ཤིང་སྲིད་གྲོས་ཨུ་ཡོན་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་གནང་བ་རེད། ཁོང་གིས་བསྟན་དོན། འདས་མ་ཐག་པའི་ལོ་གཅིག་ནང་ཏང་ཀྲུང་དབྱང་དང་ཞིང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེག་མཐར་ཕྱིན་བསྟར་བའི་གཙོ་དོན་སློབ་གསོ་ཏན་ཏིག་ངང་སྤེལ་བ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ལ་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བའི་དགོངས་དོན་ལག་ལེན་ནན་ཏན་བསྟར་ཞིང་། ཞིང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་སྙིང་དོན་རྒྱུན་མཐུད་དེ་དོན་འཁྱོལ་ནན་ཏན། ཞིང་ཨུའི་འཕེལ་རྒྱས་འཐབ་ཇུས་ལ་དམ་པོར་དམིགས་ཤིང་། ཁུལ་ཨུའི་སྤྱིའི་ལས་ཀའི་བཀོད་སྒྲིག་ལ་དམིགས་ནས་དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་བ་དང་། འབད་འཐབ་ཡར་བརྩོན་དང་འབད་འབུངས་སྔོན་བརྩོན་གྱི་སྒོ་ནས་དཔལ་འབྱོར་འགྲན་གཉེར་དང་འཛུགས་སྐྲུན་བྱས་ཏེ། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ལྔ་བརྒྱ་དང་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་ལྔ་བཅུ་ལས་བརྒལ་ཡོད་ཅིང་། རྒྱལ་ཡོངས་གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ཚོད་ལྟའི་གྲོང་ཁྱེར་ཚད་ལོན་གསར་འཛུགས་ལམ་ལྷོང་བྱུང་བ་དང་།“9·5”ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་བའི་གནོད་རྗེས་བསྐྱར་འཛུགས་ལས་དོན་སོགས་བྱ་གཞག་ཁག་ལ་གོང་འཕེལ་གསར་པ་བྱུང་ཞིང་། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་མཐུད་དེ་ཆེ་རུ་སོང་བ་དང་། མཐུན་སྒྲིལ་ཡར་ཐོན་གྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་གཅིག་ཏུ་བསྒྲིལ་ཡོད། གྲུབ་འབྲས་དེ་དག་ཐོབ་པའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རྒྱབ་སྐྱོར་ ཤུགས་ཆེན་བཅས་ལ་རག་ལས་པ་དང་། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡིན་ལ་སྲིད་གྲོས་ཀྱི་རིམ་ཁག་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་རྒྱ་ཆེན་གྱི་དཀའ་སྤྱད་འབད་བརྩོན་ལས་བྱུང་བ་ཞིག་ཀྱང་རེད།

     ཧྲེན་དབྱང་གིས་བསྟན་དོན། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ75འཁོར་བའི་ལོ་ཞིག་ཡིན་ལ་མི་དམངས་སྲིད་གྲོས་བཙུགས་ནས་ལོ75འཁོར་བའི་ལོ་ཞིག་ཀྱང་ཡིན། ན་ནིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་གནང་བར་ཕེབས་རིང་། སི་ཁྲོན་གྱི་ལས་དོན་ཐད“དམ་འཛིན་གསུམ”དང“ཤུགས་རྒྱག་པ་བཞི”སོགས་བླང་བྱ་གལ་ཆེན་བཏོན་གནང་ནས་ང་ཚོས་ཕྱིན་ཆད་ལས་དོན་ལེགས་པོ་བསྒྲུབ་པར་ཁ་ཕྱོགས་ཀྱི་ཁྲིད་སྟོན་གནང་བ་རེད། ཁུལ་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་རྒྱ་ཆེན་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་ཞིང་ཨུའི་བོད་འབྲེལ་ལས་དོན་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་བསམ་བློ་དང་བྱ་སྤྱོད་རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཞིང་ཨུ། ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཏུ་གཅིག་གྱུར་ཡོང་བ་བྱེད་ཅིང་། མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་། དྲིན་ཚོར་ཡར་བརྩོན་བྱས་ཏེ་མཐུན་སྒྲིལ་དང་ཕྱུག་འབྱོར། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་སྐྲུན་ཆེད་བྱས་རྗེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    ཧྲེན་དབྱང་གིས་བསྟན་དོན། ཆབ་སྲིད་ཀྱི་ཚུགས་གནས་སྤར་ནས “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་དགོས། ཏང་གིས་སྲིད་གྲོས་ལས་དོན་ལ་འགོ་ཁྲིད་པར་ཁྱོན་ཡོངས་ནས་ཤུགས་རྒྱག་པ་དང་། བསམ་བློའི་ཁྲིད་སྟོན་མངོན་གསལ་དང་། ལས་ཀའི་གཙོ་ཕྱོགས་གསལ་པོ། ཆབ་སྲིད་ཀྱི་ནུས་པ་འདོན་སྤེལ་བཅས་བྱ་རྒྱུ་རྒྱུན་འཁྱོངས་ཤིང་། གཙོ་དོན་སློབ་གསོའི་གྲུབ་འབྲས་མུ་མཐུད་བརྟན་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་བཅངས་པ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་རྒྱུ་དེ་སྲིད་གྲོས་ལས་དོན་གྱི་ཕྱོགས་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་ཅིང་། མི་དམངས་གོ་རིམ་ལྡན་པའི་ངང་ཆབ་སྲིད་ནང་ཞུགས་རྒྱུར་སྐུལ་འདེད་གཏོང་བ་དང་། ཕྱོགས་ཁག་གིས་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། མི་རིགས་ཁག་གི་རིགས་ཁག་འཐུས་ཚབ་མི་སྣར་བློ་བརྟན་འགྱུར་མེད་ངང་ཏང་གིས་གསར་གཏོད་རིགས་གཞུང་གིས་སེམས་ཤུགས་སྒྲིལ་ཅིང་བླ་སྲོང་སྐྱོང་བ་དང་།“གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་ཞིང་།“སྲུང་སྐྱོང་གཉིས”བྱེད་ཐུབ་པ་མཐུན་སྒྲིལ་དང་སློབ་གསོ། སྣེ་ཁྲིད་བཅས་བྱས་ཏེ། དཀར་མཛེས་ཁུལ་སྲིད་གྲོས་སྤྱི་ཁྱབ་ཧྲུའུ་ཅིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་སུ་རྒྱུན་ཆད་མེད་པར་མདུན་དུ་སྐྱོད་ཐུབ་པ་ཁག་ཐེག་བྱ་དགོས།འགན་འཁྲི་ཁུར་ནས་བྱས་རྗེས་འབུལ་ཕོད་པ་བྱས་ཏེ་མ་སྐུལ་དང་ལེན་ངང་གཙོ་གནད་ལས་དོན་དང་སྤྱི་ཡོངས་ཁྲོད་དུ་མཉམ་འདྲེས་ཐུབ་པ་བྱ་དགོས། དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་བ་དེ་ལས་ཀའི་ཁ་ཕྱོགས་སུ་བརྩི་བ་དང་འཕེལ་རྒྱས་དོ་སྙོམས་མེད་པ་དང་གང་ལེགས་མེད་པའི་གནད་དོན་ཐག་གཅོད་པར་སྐུལ་བ་དེ་ལས་ཀའི་གཙོ་གནད་དུ་བྱེད་ཅིང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་ལེན་བསྟར་ཚུལ་ལ་ཧུར་ཐག་དམིགས་ཏེ་དམངས་གཙོ་ལྟ་སྐུལ་བྱེད་པ་དང་། ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ངང་གཅིག་ཏུ་བསྒྲིལ་བ་དེ་སྲིད་གྲོས་ལས་དོན་གྱི་གཙོ་གནད་ཐུག་སར་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་ལག་ལེན་བྱ་སྤྱོད་རིག་རྒྱུ་ཡོད་པ་དང་ཚོར་རྒྱུ་ཡོད་པ། ཕན་འབྲས་ཡོད་པའི་སྒོ་ནས་སྤེལ་བ། “ཏང་ཨུས་འགོ་ཁྲིད་དང་། སྲིད་གཞུང་གིས་རྒྱབ་སྐྱོར། སྲིད་གྲོས་ཀྱིས་ལས་སྟེགས་སྐྲུན་པ། ཕྱོགས་ཁག་ཞུགས་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས”ཀྱི་ལས་ཀའི་ལམ་སྲོལ་ལ་སྐུལ་འདེད་བརྟན་པོར་གཏོང་ཞིང་། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་ལས་ཀའི་ཕན་འབྲས་སུ་བསྒྱུར་ཏེ། དཀར་མཛེས་ཁུལ་གྱི་བྱ་གཞག་ཁག་སྐས་རིམ་གསར་པར་བསླེབ་པར་སྐུལ་གང་ཐུབ་བྱ་དགོས། འགན་ནུས་ནན་ཏིག་བསྒྲུབས་ཏེ་ཨུ་ཡོན་གྱི་ཉམས་འགྱུར་བཟང་པོ་མངོན་དགོས། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་བཅས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་རྒྱུར་ཤུགས་རྒྱག་པ་དང་།“གདེང་ཚོད་བཞི”སྔར་བས་བརྟན་དུ་གཏོང་ཞིང་། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་ཆབ་སྲིད་ཀྱི་ངོས་འཛིན་གཅིག་མཐུན་དང་། བསམ་བློའི་ངོས་འཛིན་གཅིག་མཐུན། རིགས་པའི་གཞུང་ལུགས་ཀྱི་ངོས་འཛིན་གཅིག་མཐུན ། བརྩེ་སེམས་ཀྱི་ངོས་འཛིན་གཅིག་མཐུན་བཅས་ཡོང་ཤུགས་ཆེ་རུ་གཏོང་བ་དང་།“སྲིད་གྲོས་ཤེས་པ་དང་། གྲོས་མོལ་མཁས་པ། སྲིད་གླེང་མཁས་པ། སྒྲིག་ལམ་སྲུང་བ། ཁྲིམས་སྒྲིག་ལ་དང་དོད། གཤིས་སྤྱོད་བཟང་པོ་གཙིགས་སུ་འཛིན་པ”བཅས་ཀྱི་བླང་བྱ་ལྟར་ཆབ་སྲིད་ཁོང་དུ་ཆུད་པའི་ནུས་པ་དང་། བརྟག་དཔྱད་ཞིབ་འཇུག། མང་ཚོགས་དང་འབྲེལ་བ། མཉམ་ལས་ལས་སྒྲུབ་བཅས་ཀྱི་ནུས་པ་མུ་མཐུད་ཆེ་རུ་གཏོང་ཞིང་།“གཞི་རིམ་དུ་སྤེལ་བ་བཞི”ལག་ལེན་ནན་ཏིག་བསྟར་བ་དང་། གཞི་རིམ་ལས་ཡུལ་དུ་དངོས་སུ་ཞུགས་ནས་དོན་དངོས་དང་དོན་བཟང་བསྒྲུབ་ཅིང་དཀའ་གནས་སེལ་བ་དང་། མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དམར་དམར་རྗེན་རྗེན་དུ་མངོན་པ་དང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་དཀར་མཛེས་ཁུལ་གྱི་ལག་ལེན་ཟབ་ཕྱོགས་སུ་བསྐུལ་དགོས། དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་གྲོས་ཀྱི་ལས་ཀའི་ཆུ་ཚད་མཐོ་རུ་གཏང་དགོས། ཏང་ལེགས་སྐྱོང་སྣེ་ཁྲིད་དུ་བྱས་ནས་སྲིད་གྲོས་ལས་ཁུངས་འཛུགས་སྐྱོང་ལ་སྐུལ་བ་དང་། ཆབ་སྲིད་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོར་བཟོ་དགོས། སྲིད་གྲོས་རིམ་པ་ཁག་དང་། ཁུལ་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། དེ་བཞིན་ཆེད་དོན་ཨུ་ལྷན་ཁག་གིས་ཟླ་རེ་དང་དུས་ཚིགས། ལོ་ལྟར་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་ཆ་འཕྲིན་དང་། སྲིད་དོན་བསྒྲུབས་པའི་གྲུབ་འབྲས། དེ་བཞིན་བརྟག་དཔྱད་ཞིབ་འཇུག་སྙན་སེང་སྤུས་ཚད་མཐོན་པོ་བཅས་ཡར་ཞུ་དགོས་པ་ཁྱབ་སྤེལ་བཏང་ནས་སྲིད་གྲོས་ཀྱི་ལས་དོན་ཚད་ལྡན་ཅན་དང་། ལམ་ལུགས་ཅན། ཚན་རིག་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏང་དགོས། སྲིད་གྲོས་ཀྱི་ལས་བྱེད་པའི་དཔུང་ཁག་གི་སྤྱོད་ཚུལ་ལེགས་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། དོན་དངོས་གཉེར་བའི་སྤྱོད་ཚུལ་དར་སྤེལ། སྤྱོད་ཚུལ་གཙང་མ་དར་སྤེལ། བབ་ཆགས་ཀྱི་སྤྱོད་ཚུལ་ཆགས་པ་བཅས་བྱས་ཏེ་སྲོལ་བཟང་སྤྱོད་གཙང་གི་ཆབ་སྲིད་ཀྱི་ཁོར་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏང་དགོས།

    ཧྲེན་དབྱང་གིས་བསྟན་དོན། མི་དམངས་སྲིད་གྲོས་ཀྱི་བྱ་གཞག་ནི་ཏང་གི་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་མི་དམངས་སྲིད་གྲོས་ཀྱི་ལས་དོན་ནི་ཏང་གི་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཁུལ་ཨུས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྔར་རྒྱུན་བཞིན་མཐོང་ཆེན་དང་། སེམས་ཁུར། རྒྱབ་སྐྱོར་བཅས་བྱས་ནས་སྲིད་གྲོས་ཀྱི་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་གྱིས་ཁྲིམས་ལྟར་འགན་ནུས་བསྒྲུབ་རྒྱུར་ཆ་རྐྱེན་བཟང་པོ་བསྐྲུན་པ་དང་། སྲིད་གྲོས་ཀྱི་ཨུ་ཡོན་དང་བདེ་སྡུག་མཉམ་མྱོང་དང་གཅིག་སེམས་གཅིག་གཏད། མཉམ་དུ་འབད་འཐབ་བྱ་རྒྱུ་ཡིན། རིམ་པ་ཁག་དང་སྡེ་ཁག་ཁག་གིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་སྟེ་སྲིད་གྲོས་ལ་འབྲེལ་གཏུག་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་ཞིང་། མ་སྐུལ་དང་ལེན་ངང་སྲིད་གྲོས་ཀྱི་བསམ་འཆར་བསྡུ་ལེན་དང་། སྲིད་གྲོས་ཀྱིས་སྒྲིག་ཡིག་ལྟར་ལས་དོན་སྒྲུབ་པར་རྒྱབ་སྐྱོར། སྲིད་གྲོས་ལས་དོན་ཁྲོད་ཀྱི་གནད་དོན་གལ་ཆེན་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད། མ་སྐུལ་དང་ལེན་ངང་ལྟ་སྐུལ་དང་དུ་བླངས་ཏེ། ཏང་ཨུ་ཡིས་མཐོང་ཆེན་དང་། སྲིད་གཞུང་གིས་རྒྱབ་སྐྱོར། སྲིད་གྲོས་ཀྱིས་རང་སྐུལ། ཕྱོགས་ཁག་གིས་གཞོགས་འདེགས། སྤྱི་ཚོགས་ཀྱིས་དོ་ཁུར་བཅས་བྱེད་པའི་རྣམ་པ་བཟང་པོ་ཆགས་པར་བསྐུལ་དགོས།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༨༣
  • ལེ་ཚན་རྗེས་མ།:ཧྥུང་ཧྥ་ཀུའེ་ཡིས་འཐུས་མི་དང་ཨུ་ཡོན་ལ་འཚམས་འདྲི་གནང་།
  • དོ་སྣང་ཆེ་བའི་རྩོམ།