མི་ཉག་ཐུབ་བསྟན་ཆོས་དར། 2015-08-06
14 རྒྱལ་མཚན་དབང་རྒྱལ། (包包旺吉、汉名;甲联芳)འཇིགས་བྲལ་གྱི་བཙུན་མོ་དངོས་ཀྱི་སྲས་ཡིན། རྒྱལ་ས་དར་མདོ་ནས་སྐུ་འཁྲུངས། ཕ་ཡབ་སྐུ་གཤེགས་རྗེས་ཁོང་གིས་རྒྱལ་སར་བཟུང་། ཁོང་ལྕགས་ལའི་རྒྱལ་སྲས་ཡིན་པས། གོ་མིན་ཏང་གིས་ཁོང་ལ་མཐོང་ཆེན་བྱས་ཏེ་དམག་དོན་སློབ་གྲྭར་སློབ་སྦྱོང་འགྲོ་བའི་གོ་སྐབས་བྱིན། སློབ་མཐར་ཕྱིན་ནས་ཕྱིར་དར་མདོར་ཕེབས། དེ་ནས་འབྲོང་པའི་རྒྱལ་ས་བཟུང་བར་ཕེབས། ཧྥེང་ཡོའུ་ཏྲིས་(冯有志)མཛད་པའི《末代明正土司甲宜斋和他的三个儿子》ལས། འཇིགས་བྲལ་ལ་བུ་གསུམ་ཡོད། ཆེ་བ་ཕུན་ཚོགས་རྣམ་རྒྱལ། (甲联升) འབྲིང་བ་ལྕགས་ལེན་ཁོ།(甲联科) ཆུང་བ་རྒྱལ་མཚན་དབང་རྒྱལ།(甲联芳)སྲས་ཆེ་བ་ཆུང་དུས་ནས་མི་ཉག་གི་འབྲོག་ཐོག་ཏུ་བཞུགས། སྲས་འབྲིང་བ་དང་ཆུང་བ་གཉིས་ཀྱིས་དར་མདོའི་སློབ་ཆུང་ནས་རྒྱ་ཡིག་སྦྱོངས། སྤྱི་ལོ ༡༩༢༥ ལོར་ཁོང་རྣམ་གཉིས་གཡག་རྔ་ལ་སློབ་སྦྱོང་ཕེབས། སྲས་འབྲིང་བས་སྲིད་དོན་སྦྱོང་། སྦྱོང་ཡུན་ལོ་གཅིག་ཡིན། འོན་ཀྱང་གཡག་རྔ་ནས་ས་ཆུ་མ་འཕྲོད་པའི་རྐྱེན་གྱིས་སྐུ་གཤེགས། བུ་ཆུང་བ་རྒྱལ་མཚན་དབང་རྒྱལ་གྱིས་དམག་དོན་སྦྱོང་། སྦྱོང་ཡུན་ལོ་གཉིས་ཡིན། སྤྱི་ལོ ༡༩༢༧ ལོར་ཕྱིར་དར་མདོར་ཕེབས་ནས་བཞུགས། སྐབས་དེར་མུ་ཕྱིའམ་འབྲོང་པ་རྒྱལ་པོ་ཚང་ལ་བུ་མོ་ཞིག་ལས་མེད་པས། ས་གནས་དེའི་དཔོན་ཞིག་གིས་འབྲོང་པའི་སྲིད་དབང་ལ་ངོ་རྒོལ་བྱེད་བཞིན་ཡོད་པས། འབྲོང་པ་ཚང་གིས་རྒྱལ་མཚན་དབང་རྒྱལ་ལ་འབྲོང་པའི་སྲིད་དབང་འཛིན་པར་ཕེབས་རྒྱུའི་རེ་བ་བཏོན། འབྲོང་པའི་སྲིད་དབང་ལ་བཅོས་བསྒྱུར་ཡང་མ་བྱུང་བས་སྔར་ལྟར་གནས་ཤིང་། ལྕགས་ལའི་སྲིད་དབང་བསྒྱུར་བཅོས་བྱས་ཟིན་པས། ཁོང་འབྲོང་པའི་རྒྱལ་སྲིད་འཛིན་སར་ཕེབས། ས་གནས་ཀྱི་ངོ་རྒོལ་པ་དག་དྲག་གནོན་མཛད། འོན་ཀྱང་མཚན་མོ་ཞིག་ལ་ས་གནས་ཀྱི་ངོ་རྒོལ་པ་དག་གིས་རྒྱལ་པོའི་ཕོ་བྲང་བསྐོར་ཏེ་གྱེན་ལངས་བྱས།སྐབས་དེར་མདའ་ཕོག་ནས་སྐུ་གཤེགས།30ཞེས་གསུངས། ཁོང་གིས་རྒྱལ་རོང་བྲག་སྟེང་རྒྱལ་པོའི་སྲས་མོ་བསོད་ནམས་དཔལ་འཛོམས་ཁབ་ཏུ་བཞེས། ཁོང་གཉིས་ལ་མེ་སྟག་སྤྱི་ལོ་༡༩༢༦་ལོར་སྲས་མོ་ཚེ་དབང་སྒྲོལ་མ་འཁྲུངས་སོ། །
15 ཕུན་ཚོགས་རྣམ་རྒྱལ། (汉名;甲联升) རབ་བྱུང་བཅོ་ལྔ་པ་ས་བྱི་སྤྱི་ལོ ༡༨༨༨ ལོར་མི་ཉག་སྐྱ་གད་ཀྱི་ཡུལ་རྫ་རི་ཁུག་པ་ཉག་ར་ཚང་གི་ཁྱིམ་དུ་སྐྱེས། འཇིགས་བྲལ་གྱི་ཆུང་མ་ཞིག་གི་བུ་ཡིན། ཁྱིམ་ཚང་དེ་ལྕགས་ལའི་མངའ་འོག་གི་དུད་ཚང་ཞིག་ཡིན། བྱིས་པའི་དུས་བོད་ཡིག་འབྲི་ཀློག་སོགས་ལ་བསླབས། དེ་ནས་སྡེ་དགེ་དགོན་ཆེན་དུ་ཕེབས་ནས་གསོ་བ་རིག་པར་སྦྱངས། གསོ་རིག་ལ་མཁས་པར་གྱུར། འཇིགས་བྲལ་གྱི་བུ་གཉིས་པོ་སྔ་ཕྱི་སྐུ་གཤེགས། ལྕགས་ལའི་རྒྱལ་རྒྱུད་འཛིན་མཁན་བུ་མེད་པས། ཁོང་དར་མདོར་གདན་དྲངས། སྤུན་རྒྱལ་མཚན་དབང་རྒྱལ་གྱི་བཙུན་མོ་བསོད་ནམས་དཔལ་འཛོམས་དེ་ཉིད་ཁོང་གི་བཙུན་མོའི་སྐལ་བ་བྱས། ཁོང་གཉིས་ལ་སྲས་གཅིག་དང་སྲས་མོ་གཅིག་འཁྲུངས། དགུང་ལོ་དྲུག་ཅུ་རེ་བརྒྱད་རབ་བྱུང་བཅུ་དྲུག་པ་ཤིང་ལུག་སྤྱི་ལོ ༡༩༥༥ ལོར་དར་མདོ་ནས་སྐུ་གཤེགས་སོ།།
16 པདྨ་རྒྱལ་མཚན་དཔལ་གྱི་དབང་ཕྱུག་གམ་ལྕགས་ལ་རྒྱལ་མཚན་ནི། གོང་སྨྲོས་ལྟར་ཕུན་ཚོགས་རྣམ་རྒྱལ་དང་བསོད་ནམས་དཔལ་འཛོམས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པ་ལྕགས་རྟ་སྤྱི ༡༩༣༠ ལོར་དར་མདོ་ནས་འཁྲུངས། དགུང་ལོ་བདུན་ཅུ་དོན་དགུ་སྟེ་རབ་བྱུང་བཅུ་བདུན་པ་ས་བྱི་སྤྱི་ལོ ༢༠༠༨ ལོའི་ཟླ་བ ༡༢ པའི་ཚེས ༢༤ ཆུ་ཚོད ༢༣ སྐར་མ ༢༦ སྟེང་ཁྲིན་ཏུའུའི་སྨན་ཁང་ཞིག་ནས་སྐུ་གཤེགས་པའོ། །དེའང་ཁོང་གིས་ཕ་ཡབ་ཀྱི་དྲུང་ནས་གསོ་རིག་སྦྱོང་། གཞན་ཡང་རྒྱ་ཡིག་སོགས་ལའང་སློབ་གཉེར་མཛད་འདུག། འགུ་ཐང་རྒྱལ་པོའི་སྲས་མོ་ཁབ་ཏུ་བཞེས། ཁོང་གཉིས་ལ་སྲས་གཅིག་འཁྲུངས། འོན་ཀྱང ༥༩ ལོར་དུས་འཁྲུགས་ཀྱི་ཁྲོད་ནས་བཙུན་མོ་དང་སྲས་བཅས་སྐུ་བཀྲོངས། དེ་ནས་ཁོང་གིས་དར་མདོ་ཚེར་མ་ཐང་གི་འབྲོག་ལས་པ་ཞིག་གི་བུ་མོ་སྐལ་བཟང་སྒྲོན་མ་ཁབ་ཏུ་བཞེས། ཁོང་གཉིས་ལ་སྲས་མོ་གཉིས་འཁྲུངས། སྲས་མོ་ཆེ་བ་ཚེ་རིང་མཚོ་མོའམ་ལྕགས་ལྕགས་ནི་ཤིང་འབྲུག་སྤྱི་ལོ ༡༩༦༤ ལོ་འཁྲུངས། སྲས་མོ་ཆུང་བ་བདེ་ཆེན་དབང་མོ་ནི་ས་བྱ་སྤྱི་ལོ ༡༩༦༩ ལོར་འཁྲུངས་པའོ། །འདི་ནས་ལྕགས་ལ་རྒྱལ་པོ་ཞེས་པའི་མཚན་དེའི་བརྒྱུད་འཛིན་གནས་སྐབས་མཇུག་རྫོགས་པའོ།། །།
དཔྱད་གཞིའི་རྒྱུ་ཆ།
①《སྐལ་བཟང་བདུད་འདུལ་གྱི་རང་རྣམ།》 འབའ་གྲུ་པ་དགོན་པའི་ཤིང་པར་མ། p.4
②《འབོ་གངས་དཀར་སྤྲུལ་སྐུའི་རྣམ་ཐར་དད་པའི་པད་ཚལ།》 མི་རིགས་དཔེ་སྐྲུན་
ཁང་། སྤྱི་ལོ་1997་ལོའི་ཟླ་བ་6་པ། p.14
③《藏族通史吉祥宝瓶》 西藏人民出版社,2001年出版,第,43。
④《གཡུ་ཐོག་གསར་རྙིང་གི་རྣམ་ཐར།》 མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1982་ལོའི་ཟླ་བ་7་པ། p.268
⑤《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།》 བོད་ལྗོངས་མི་དམངས་དཔེ་སྐྲུན་
ཁང་། སྤྱི་ལོ་1988་ལོའི་ཟླ་བ་3་པ། p. 444
⑥《ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་རབ་གསལ་སྙེ་མ།》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། སྤྱི་ལོ་1989་ལོའི་ཟླ་བ་6་པ། p.796
⑧《雅州府志》,中华民国五十六年六月二十五日成文出版社,
第,272。
⑨《ཤར་པ་ཆོས་འབྱུང་དང་མེས་རབས།》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྤྱི་ལོ་2003་ལོའི་ཟླ་བ་9་པ། p.132
⑩《ཁམས་ཕྱོགས་དཀར་མཛེས་ཁུལ་གྱི་དགོན་སྡེ་སོ་སོའི་ལོ་རྒྱུས།》དེབ་གསུམ་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ་1999་ལོར་པར་དུ་སྐྲུན། (内部资料)p.44
《རྣམ་ཐར་གཞན་ལ་ཕན་པའི་ཉི་མའི་འོད་ཟེར།》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་
ཁང་། སྤྱི་ལོ་2005་ལོའི་ཟླ་བ་9་པ། p.117
《རྣམ་ཐར་གཞན་ལ་ཕན་པའི་ཉི་མའི་འོད་ཟེར།》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་
ཁང་། སྤྱི་ལོ་2005་ལོའི་ཟླ་བ་9་པ། p.185
1819202122232526272829 《康定县志》四川 辞书出版社,1995年出版,第,424。
24《དགའ་བཞི་བའི་རྣམ་ཐར།》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། སྤྱི་ལོ་1988་
ལོའི་ཟླ་བ་8་པ། p.719
30《康定县文史资料选辑》,第一辑,第,72。
རྩོམ་གསར། 10