སློབ་གསོ་ནི་རྗེས་ལུས་ཀྱི་ཞྭ་མོ་འདོར་བྱེད་ཡིན།

སྐལ་བཟང་ཐུབ་བསྟན་གྱིས་        2011-03-28

ཚང་མས་མཁྱེན་གསལ་ལྟར།   སློབ་གསོ་ནི་མི་རིགས་དར་སྤེལ་དང་སྤྱི་ཚོགས་ཡར་རྒྱས་ཀྱི་རྩིག་རྨང་ལྟ་བུ་ཡིན་ཞིང་རྒྱལ་དམངས་ཀྱི་སྤུས་ཚད་མཐོ་འདེགས་གཏོང་བ་དང་མིའི་ཁྱོན་ཡོངས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་རྩ་བའི་ཐམས་ལམ་ཡིན།
ཁྱིམ་ཚང་དུང་ཕྱུར་མང་པོས་མཛེས་སྡུག་ལྡན་པའི་འཚོ་བར་བཅོལ་བའི་རེ་སྒུག་མཚོན་ཞིང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་རེ་བ་ཡང་ཁུར་གྱི་ཡོད།   སློབ་གསོ་དམིགས་སུ་བཀར་ནས་སྔོན་དུ་སྤེལ་ཏེ་མི་ཤུགས་ཐོན་ཁུངས་སྟོབས་ལྡན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་མངོན་འགྱུར་ཡོང་བ་དང་སྟོབས་ལྡན་དམངས་གཙོ་ཡ་རབས་འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཅིག་འཛུགས་སྐྲུན་བྱེད་པ་ལ་གལ་འགངས་ཆེ་བའི་དོན་སྙིང་ཆེན་པོ་ཡོད།    མི་རིགས་ཀྱི་སྐད་ཡིག་རྒྱུད་འཛིན་སྤེལ་གསུམ་དང་སྲིད་དཔལ་དར་རྒྱས་གོང་འཕེལ་གཏོང་དགོས་ན་སློབ་གསོ་ལ་རག་ལས་ཤིང་རྗེས་ལུས་ཀྱི་ཞྭ་མོ་འདོར་དགོས་ན་ཡང་སློབ་གསོ་ལ་རག་ལས་པ་རེད།  
རང་རེ་བོད་ཁུལ་ལ་མཚོན་ན་ལོ་དགུའི་འོས་འགན་སློབ་གསོ་དང་དར་གཞོན་ཡིག་རྨོངས་སེལ་བའི་སློབ་གསོ།   ལས་རིགས་སློབ་གསོ་བཅས་ཁྱབ་སྤེལ་ཆེན་པོ་བྱུང་བ་ལ་བརྟེན་ནས་དགེ་སློབ་ཀྱི་གྲངས་ཀ་དང་།    སློབ་གསོའི་རྨང་གཞི་སྒྲིག་ཆས།   ཕ་མའི་སློབ་གསོའི་འདུ་ཤེས་སོགས་གང་ཅིའི་ཐད་ལ་གོང་འཕེལ་ཆེན་པོ་བྱུང་ཡོད་མོད།    འོན་ཀྱང་སྐད་གཉིས་སློབ་ཁྲིད་བྱེད་པའི་དགེ་རྒན་གྱི་གྲངས་ཀ་ད་དུང་སྐྱ་ཆད་སྔོ་སྡུག་གི་ཚད་དུ་གནས་ཡོད་པ་དང་།   ཞིང་འབྲོག་ཕ་མ་ཁ་ཤས་ཀྱི་སློབ་གསོའི་འདུ་ཤེས་ད་དུང་བསྒྱུར་བཀོད་ཐུབ་མེད་པ་དང་།   ཐུབ་ཀྱང་བུ་ཕྲུག་ཚོར་སློབ་གསོ་གཏོང་ཚུལ་མི་འཚམ་པ།   རྨོངས་ཞེན་གྱི་བསམ་པའི་རྩ་བ་གཏིང་ཟབ་ཏུ་ཟུག་པ།   དགེ་རྒན་ཚོའི་འགན་འཁྲིའི་བསམ་པ་ཆུང་བ།   སློབ་མ་ཚོ་བརྩོན་འགྲུས་ཞན་པ་སོགས་ཁ་ཚ་དགོས་གཏུག་གི་གནད་དོན་ཁ་ཤས་ང་ཚོའི་མདུན་དུ་ལྷགས་འདུག་པས་མནོ་བསམ་ཞིབ་པོ་ཞིག་མི་གཏོང་ཀ་མེད་རེད།  
སློབ་གསོའི་འདུ་ཤེས་ཀྱི་སྐོར།
ད་ལྟར་རང་རེའི་ཞིང་འབྲོག་དམངས་ཕལ་ཆེར་གྱིས་རང་གི་བུ་ཕྲུག་ཚོ་སློབ་གྲྭར་སྐྱེལ་ཁུལ་བྱས་ཀྱང་དེ་ནི་སློབ་གསོའི་ཁྲིམས་ལས་ཐར་ཐབས་ཙམ་དང་ཁྲེལ་སེལ་གྱི་བསམ་པ་ཁུར་མཁན་ཧ་ཅང་མང་པོ་ཡོད་པ་རེད།  
  • ལེ་ཚན་སྔོན་མ།:ཟུར་ངོས་གང་རུང་ནས་བོད་ཀྱི་སློབ་ཆེན་དགེ་རྒན་ཚོ་གླེང་བ།
  • ལེ་ཚན་རྗེས་མ།:སློབ་མའི་ཀུན་སྤྱོད་སློབ་གསོ།
  • དོ་སྣང་ཆེ་བའི་རྩོམ།