དགེ་རྒན་ལགས།
ཁྱེད་ནི་ཁྲི་གདུགས་ཉི་མ་དང་འདྲ་བས།
གསར་སྐྱེས་ཀྱི་མེ་ཏོག་ང་ལ་དྲོད་སྐྱིད་གནང་།
དགེ་རྒན་ལགས།
ཁྱེད་ནི་ཆུ་འཛིན་བུ་མོ་དང་འདྲ་བས།
གསར་བཞད་ཀྱི་མེ་ཏོག་ང་ལ་ཚ་གདུང་སེལ།
དགེ་རྒན་ལགས།
ཁྱེད་ནི་དྭངས་གཙང་གི་ཆུ་བོ་དང་འདྲ་བས།
གསེར་མིག་གི་ཉ་ཆུང་ང་ལ་ཁྱིམ་གཞི་གནང་།
དགེ་རྒན་ལགས།
ཁྱེད་ནི་བྱམས་ལྡན་གྱི་ཕ་མ་དང་འདྲ་བས།
གསར་སྐྱེས་ཀྱི་སློབ་མ་ང་ལ་ཡང་དག་གི་བསླབ་བྱ་གནང་།