དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 4 ཚེས 7 ཉིན་དང་། རེས་གཟའ་ཟླ་བ་ཡིན།

བྱིས་པ་ཡ་རབས།(2)

ལྷ་སྒང་སློབ་ཆུང་།        2010-12-23


ཕ་ས་སྨུག་པོ་སྐྱོང་མཁན། །
ཕ་མར་དྲིན་ལན་འཇལ་མཁན། །
བྱིས་པ་ཡ་རབས་དེ་རེད། །
སློབ་སྦྱོང་ཡག་པོ་བྱེད་པ། །
གཡོ་སྒྱུ་ཁྲམ་གསུམ་མི་བྱེད། །
རྒན་བཀུར་ཆུང་བྱམས་བྱེད་པ། །
བྱིས་པ་ཡ་རབས་དེ་རེད། །
ཁོར་ཡུག་སྲུང་སྐྱོང་བྱེད་པ། །
གད་སྙིགས་མཐོང་ན་སྒྲུག་མཁན། །
གྲོགས་པོར་མཛའ་བརྩེ་ཆེ་བ། །
བྱིས་པ་ཡ་རབས་དེ་རེད། །
(བསོད་ནམས་དོན་གྲུབ་ཀྱིས།)
མལ་ལས་ལངས་ནས་སློབ་གྲྭར་འགྲོ། །
སློབ་གྲྭར་སོང་ནས་རིག་གནས་སྦྱོང་། །
བྱིས་པ་དེ་ལ་ཡ་རབས་ཟེར། །
ཁོར་ཡུག་གཙང་སྦྲ་བྱེད་པར་དགའ། །
རི་དྭགས་སྲུང་སྐྱོང་བྱེད་པར་དགའ། །
བྱིས་པ་དེ་ལ་ཡ་རབས་ཟེར། །
རྒན་ལ་བརྩི་བཀུར་བྱེད་པར་དགའ། །
ཕ་མར་ཞབས་ཕྱི་བྱེད་པར་དགའ། །
བྱིས་པ་དེ་ལ་ཡ་རབས་ཟེར། །
(བཀྲ་ཤིས་ལྷ་མོས།)
སློབ་སྦྱོང་ཡག་པོ་བྱས་པས། །
དགེ་རྒན་ཚང་མ་དག་འོ། །
རིག་གནས་ཡོད་པའི་བུ་ནི། །
བྱིས་པ་ཡ་རབས་ཡིན་ནོ། །
ཕ་མར་བརྩི་བཀུར་བྱེད་པས། །
ཁྱིམ་མཚེས་ཚང་མ་དག་འོ། །
བརྩི་བཀུར་ལྡན་པའི་བུ་ནི། །
བྱིས་པ་ཡ་རབས་ཡིན་ནོ། །
(གཡང་སྐྱིད་མཚོ་མོས།)
  • ལེ་ཚན་སྔོན་མ།:མེ་ཏོག་ཆུང་ཆུང་།
  • ལེ་ཚན་རྗེས་མ།:ངོ་མི་ཤེས་པའི་ཨ་ཅེ་ཞིག