2018-04-17
སྟེས་དབང་ལས་སྨོན་ཚོགས་ཀྱིས་མ་རུ་སྦྲུམ།།
ཟླ་དགུ་ཞག་བཅུ་འཇལ་ནས་འཇིག་རྟེན་བསུས།།
པགས་རྩག་ལུས་ལ་ཤོམས་པའི་སྐལ་བཟང་དུས།།
དལ་འབྱོར་མི་ལུས་བསྩལ་བའི་ཡུམ་ཆེན་དྲན།།
ཁུ་སིམ་འཇིག་རྟེན་དཀྲོགས་པའི་ཡིག་དྲུག་གྱེར།།
ཆབ་རྡེའུ་ཆུ་མིག་སྒྲིལ་བའི་རྩེད་འཇོའི་དཔལ།།
ཕ་སྐད་ངག་ལ་འཁྱིལ་བའི་རྟིང་མའི་དབྱངས།།
བྱམས་ལྡན་ཕ་ལོའི་གདམས་པ་ཅིས་མ་ཡིན།།
སྦྲང་དཀར་རྩམ་པའི་བྲོ་བ་རབ་མྱོང་ཞིང་།།
ཞིམ་མངར་འོ་ཇ་མངར་མོའི་ངད་ཀྱིས་གསོས།།
བཅུད་ལྡན་འབྲི་མར་སེར་པོའི་སྣུམ་ཟུངས་དག།
གངས་དཀར་ཨ་མའི་ཕྱག་ཟས་དྲོན་མོ་ལགས།།
རྒྱ་ལྕང་ལྕུག་ཕྲན་ཅང་ཤེས་བང་ཁའི་འགྲོས།།
རྡོ་ཆས་ཆག་རྩིག་མི་ལའི་སྲས་མཁར་འཁྲུལ།།
ལྕི་ལོག་ཨོང་བ་གཡང་ཕྱུགས་ནོར་དུ་བསུས།།
རྨད་བྱུང་བྱིས་དུས་ཕ་ལོའི་གཞིས་ལ་ཆགས།།
ཐོ་རེངས་སྐར་ཆེན་འཁོར་བའི་འབོད་སྐུལ་ཡིན།།
མཛོ་བཏགས་རྒྱུ་སྐར་ངལ་གསོའི་གདན་དུ་འཆིངས།།
དུས་ཚོད་ཉེར་བཞིར་ལུས་སེམས་བུ་ལ་འབད།།
རླབས་ཆེན་ཡབ་ཡུམ་ཟུང་གི་རྔུལ་རིན་ཙམ།།
ཤེས་མེད་བུ་ངས་མི་ཡུལ་ས་མཐའ་ནས།།
བྱམས་ལྡན་ཉི་ཟླ་ཟུང་གི་དྲིན་འཇལ་དབེན།
འོན་ཏེ་ཤེས་བརྩོན་ངད་ཀྱིས་རབ་མྱོས་ནས།།
གྲོགས་བཟང་ཞ་སྨྱུག་རྩེ་ནས་ཁྱེད་རྟག་རྨད།།
ལི་ཁོག་ཤེས་རབ་བྱམས་བརྩེ་སློབ་གྲྭའི་བརྒྱད་ལྔ་འཛིན་གྲྭའི༼ངེས་དོན།༽
རྩོམ་གསར། 10