དཔལ་མོ་རྒྱལ། ༢༠༡༣ལོའི་སྦྲང་ཆར་དེབ་གསུམ་པ། 2013-12-03
སེམས་ཀྱི་མངའ་ཁོངས་ལ་མི་ཤོང་བའི་གནོན་ཤུགས་དང་།
ལུས་ཀྱི་ཕུང་བོ་ཡིས་མི་ཐེག་པའི་དཔེ་ཁུག་འཁུར་བའི་བྱིས་པ་དག་མཐོང་ཚེ།
བདག་གིས་ཆུང་ཆུང་ལུ་གུའི་རྨིག་རྗེས་དང་།
གྲོ་ཞིང་གི་རྣང་མའི་བར་ན་སྙེ་མ་ཕུར་ཕུར་བྱེད་པའི།
ཕ་ཡུལ་གྱི་བྱིས་པ་ཚོའི་རང་དབང་གི་འཇིག་རྟེན་དྲན་འོངས།
གྲོང་ཁྱེར་དུ་ངས་ཕ་ཡུལ་གྱི་རྫ་ཆུ་བསིལ་མ་ཐིགས་པ་གཅིག་གི་རིན་ཐང་རྟོགས་འོངས།
དེ་ནི་གད་སྙིགས་དང་རྫོབ་དྲིས་མ་བསླད་པའི་ཡན་ལག་བརྒྱད་ལྡན་གྱི་ཟེགས་མ་ཞིག
གྲོང་ཁྱེར་དུ་ངས་ཕ་ཡུལ་གྱི་མེ་ཏོག་རྐང་གཅིག་གི་མཛེས་པ་དྲན་འོངས།
དེ་ནི་ཕྱེ་ལེབ་དང་གསེར་སྦྲང་གིས་བསྐོར་བའི་སྔོན་མོ་སྤང་ལས་འཁྲུངས་པའི་མེ་ཏོག་སེར་ཆེན་ཞིག
……
འདི་ལྟར། ཕ་ཡུལ་གྱི་རི་བོ་ཆུ་རུ་འཐིམ་ཞིང་།
ཕ་ཡུལ་གྱི་ཆུ་བོས་རི་བོ་བསྐོར།
ད་དུང་། ཕ་ཡུལ་གྱི་མི་སེམས་མི་དང་འདྲེས་ཤིང་།
ཕ་ཡུལ་གྱི་གཅིག་བློ་གཅིག་ལ་བསྙེས་པས།
གྲོང་ཁྱེར་གྱི་ཟང་ཟིང་གི་ཕྱི་ཡི་བཀོད་པས།
བདག་གི་ནང་བསམ་པའི་དུངས་ཞེན་གྱི་རླབས་རྒྱུན་འགོག་མ་ཐུབ།
རྩོམ་གསར། 10