
ཨ་མའི་པང་དུ་འཚོ་བའི་བྱིས་པས་རྒྱ་མཚོའི་ཉི་གཞོན་འཆར་ལུསག་རྟོགས་མི་ནུས། །
འགུལ་སླེ་ཕང་བ་བསྟེན་པ་རྣམས་ཀྱིས་བྱེ་ཐང་ཁུག་སྣའི་སྒེག་ཉམས་ཇི་ལྟར་རོལ། །
སེམས་ཀྱི་སྒོ་མོ་ཆེ་ཆེར་ཕྱེས་ཏེ་རང་བྱུང་སྣོད་ཀྱི་དགའ་སྡང་མྱོང་པར་བྱ། །
བསམས་ཤིང་བསམ་ན་མི་ཚེ་ལམ་གྱི་མ་ངེས་སྐྱིད་སྡུག་གནས་ལུགས་རྟོགས་པར་འགྱུར། །
འདབ་ཆགས་བཅོ་བརྒྱད་སྔ་རྗེས་ཕེབས་དུས་སྤང་ལྗོངས་དགེ་བའི་སྦྲང་ཆར་རེ་རེ་འཛིན།
ཉིན་དཀར་ཉིན་དང་མཚན་མོ་འཆར་བས་མཛེས་སྡུག་མེ་ཏོག་བརླག་པར་ཁ་ཅིག་སྨྲ། །
སྐད་ཅིག་ཕབ་པའི་གནའ་བོའི་རྟ་རྗེས་མདོ་ལ་རིང་མོར་ད་དུང་གསལ་ཞིང་མཛེས། །
༡༩༨༡ དགུན་ཁར།