ཁེགས་པ་མེད་པའི་བཞུར་ཆུ།༼ཞ་ལུ་དགོན་པར་བཞུགས་པའི་ས་པཎ་རྡོ་གཞོང་ལ་བྲིས་པ།༽

ཡི་དམ་ཚེ་རིང་ནས་བརྩམས། བཀྲ་ཤིས་ཚེ་རིང་ནས་བསྒྱུར།    ཁ་བའི་ལྗོངས།    2013-08-13

ལོ་ངོ་དགུ་བརྒྱའི་ཉི་འཁོར་སྟེགས་བུར་ས་པཎ་རྡོ་གཞུང་ངོ་མཚར་བཞུགས་པ་མཇལ།།
ཆུ་གཏེར་ཤོང་བའི་ཁོངས་ཡངས་དབེན་ཡང་བཞུར་ཆུ་ཐོགས་མེད་རྒྱུགས་པའི་ཁུང་བུ་ལྡན།།
ཤེས་རབ་ཅན་གྱི་སེམས་ཀློང་རྒྱ་མཚོར་ང་རོའི་རླབས་དང་དྭངས་གསལ་མེ་ལོང་མཆིས།།
རང་སེམས་གཞོང་པའི་གད་སྙིགས་ཕུད་པས་འཁྲུལ་བྲལ་མཁྱེན་པའི་ཡེ་ཤེས་གཞི་ནས་ཐོབ།།
སེམས་ཀྱི་སྒྲོན་མེ་གསལ་བར་སྦར་ན་ཉིན་མཚན་རྣམ་ཀུན་འཚེར་བའི་འོད་སྣང་འབྱུང་།།
བཀྲས་ལྷུན་སྡོང་ལོ་གསར་བ་རྒྱས་པ་མྱང་ཆུས་དུས་བཞིར་བསྐྱངས་པའི་དྲིན་ཡིན་ལ།།
ཡར་ཀླུངས་དཔྱིད་ཀྱི་དྲོད་རླུང་ལྷོ་བྱང་རྒྱུ་བའི་བཀའ་དྲིན་ཡང་ཡིན།།
  • ལེ་ཚན་སྔོན་མ།:ལྷད་མེད་ཀྱི་གཤིས་ཀ༼དབྱར་རྩྭ་དགུན་འབུ།༽
  • ལེ་ཚན་རྗེས་མ།:གངས་རིར་དུང་བའི་སྲོག་ཆགས།༼ནོར་དཀར་གྱི་ཕ་ཡུལ་དུ་ཕུལ་བ།༽