ཇོ་བོ་རྗེ་ཨ་ཏི་ཤ།༼མཉེས་ཐང་སྒྲོལ་མ་ལྷ་ཁང་།༽

ཡི་དམ་ཚེ་རིང་ནས་བརྩམས། བཀྲ་ཤིས་ཚེ་རིང་ནས་བསྒྱུར།    ཁ་བའི་ལྗོངས།    2013-08-07

བོད་ཡུལ་སངས་རྒྱས་བསྟན་པ་གསལ་མཛད་སྐྱེས་མཆོག་ཇོ་བོ་ཨ་ཏི་ཤས།།
ཚེ་མཇུག་ཕ་ཡུལ་དྲན་ལ་གཟིགས་ནས་སྐྱིད་ཆུས་ལྷོ་ཡི་ལམ་བསྟན་ཀྱང་།།
འགྱུར་མེད་བློ་སྟོབས་རི་དབང་རྒྱལ་བོས་རང་ཡུལ་སེམས་པ་དེ་སྤངས་ནས།།
མཉེས་ཐང་བདེ་བ་ཅན་དུ་ཕེབས་ནས་ཞབས་ཟུང་གཏན་དུ་ངལ་གསོ་མཛད།།
 
གང་དྲན་སེམས་ཀྱི་འཆར་སྒོ་སྣ་ཚོགས་སྐྱེས་འཆི་ཅན་གྱིས་མཐར་ཕྱིན་དཀའ།།
 
ཆིལ་ཆིལ་གཙང་བོར་འཁྱུད་པའི་སེམས་ཀྱིས་འགྲོ་འོང་བཞུར་ལམ་བསལ་བར་བརྩོན།།
ཤུལ་བཞག་འཁར་བ་ད་དུང་བཞུགས་པས་རྒྱང་སྐྱོད་མཁན་གྱི་གྲུ་ཁེམ་བྱོས།།
 
  • ལེ་ཚན་སྔོན་མ།:ཐང་སྟོང་རྒྱལ་པོ།༼མདངས་འཚེར་བའི་སྐར་འོད།༽
  • ལེ་ཚན་རྗེས་མ།:འབྲུག་སྒྲ་དྲག་པོ།༼པཎ་ཆེན་རིན་པོ་ཆེ་སྐུ་གཤེགས་ནས་ལོ་འཁོར་གཅིག་ལོན་པའི་རྗེས་དྲན།༽