ཆུང་མ་གཉིད་ཟིན། ངས་སྙན་ངག་འབྲི་བཞིན་ཡོད།

འབྲོང་།        2013-06-19

ཆུང་མ་གཉིད་ཟིན། ངས་སྙན་ངག་འབྲི་བཞིན་ཡོད།

ཆུང་མ་གཉིད་ཟིན། རྨི་ལམ་རྨིས་ཀྱིན་འདུག
ཁོ་མོའི་རྨི་ལམ་གྱིས་ང་སྒུལ་བྱུང
ངའི་སྙན་ངག་དང་མཚན་མོ
ངས་མཚན་མོ་འདིའི་ལྷིང་འཇགས་གྱོ ན་ནས
ཚ་ལམ་ལམ་གྱི འཁྱག་སོབ་སོབ་ཀྱི
ཐ་སྙད་སྣ་ཚོགས་བྲང་ལ་སྦྱར་ཏེ
བསམ་བློ་བཏང
ཉིན་གཅིག་གི་ངལ་དུབ་ཀྱི་རྗེས་སུ
ད་དུང་ཅི་ཞིག་ཡོད ཅི་ཡང་མེད་དུས
ང་ཡང་གཉིད་རན ཡིན་ཡང
ཕ་ཡུལ་དུ་ཁ་བ་འབབ་ཀྱིན་ཡོད་ངེས
མིང་སྲིང་ཚོ་ཅི་འདྲའི་འཁྱག་ཨང
ཐ་མག་རྐང་གཅིག་ལ་མེ་སྒྲོན་རྗེས
ངས་དེ་ལྟར་བསམཆུང་མ་གཉིད་ཟིན། ངས་སྙན་ངག་འབྲི་བཞིན་ཡོད།

ཁོ་མོའི་རྨི་ལམ་ཧ་ཅང་ཞིམ་ངེས
ཉི་འོད་དང་རྩྭ་ལྗང འོ་ཞོ ལུ་གུ
ཅི་ཡང་འཛོམས ངས་ཀྱང་གནས་དེ་རུ
ངལ་གསོ་དང་བཅས་གླུ་བླངས་ཆོག་ལ
མེ་ཏོག་གི་ཞྭ་མོ་ཞིག་ཀྱང་བསླེས་ཆོག་ཨང
ཨ་རག་ཁམ་གང་འཐུང་རྗེས
ངས་ཡང་དེ་ལྟར་བསམ
མཚན་གཞུང་འདིའི་ཟླ་བས དལ་ཅག་གེར
ངའི་སྙན་ངག་དང་ཁོ་མོའི་རྨི་ལམ་བསྲེས་ནས
སང་ཉིན་ལ་ཕུལ
ཆུང་མ་གཉིད་ཟིན
ངས་སྙན་ངག་འབྲི་བཞིན་ཡོད།
  • ལེ་ཚན་སྔོན་མ།:ང་ཚོ་མཐོ་སྒང་གི་སྐྱེས་པ་ཚོ།
  • ལེ་ཚན་རྗེས་མ།:ང་ཕ་ཡུལ་དུ་ལོག་རན།