མགྱོགས་བྲིས་ཁག་གསུམ།

འཇུ་སྐལ་བཟང་།        2011-01-04

       མིག
བལྟ་འདོད་ཀྱི་སྲེད་པ་རིག་རིག་འཁྱུག་འཁྱུག །
འཐོབ་འདོད་ཀྱི་རྔམ་སེམས་རོལ་དུ་ཁྲིད།།
དཀར་ནག་གི་གདོང་བ་རེས་མོས་ཅན།།
བསླུ་བྲིད་ཀྱི་བུ་མོ་ཁྲ་རིལ་མ།།
       ལྕེ།
ཁ་ཡག་གི་སྦྲང་ཆང་སིལ་མ་དང་།།
ཚིག་རྩུབ་ཀྱི་དུག་ཆུ་ཁོལ་མ་རུ།།
ཡང་ཡང་དུ་ངར་ཁ་བླུད་པ་ཡི།།
རྣོ་ངར་གྱི་རལ་གྲི་སོ་གཉིས་མ།།
 
         རྣ།
མངོན་གསུམ་གྱི་གདོང་བའི་ཕག་ཏུ་ཡིབས།།
དགའ་སྡུག་གི་གཏམ་གྱི་འཕྲིན་པ་སྐྱེལ།།
ཆགས་སྡང་གི་ལས་ཀའི་གཡབ་མོ་སློང་།།
མགོ་ཟུར་གྱི་རྒན་མོ་དབྱེན་རྒན་མ།།
  • ལེ་ཚན་སྔོན་མ།:འདས་དོན།
  • ལེ་ཚན་རྗེས་མ།:སྙན་ངག་པའི་རྒྱལ་ཁམས།