སྲིན་པོ་རྫ་རྒན།

ཨ་སྨྱོན་གྱིས།        2010-12-13

དགུང་འདེགས་ཀ་བ་གྱེན་དུ་བསླངས་པའམ།།
ལྷ་བབ་ཐེམ་སྐས་ཐུར་དུ་དཔྱངས་སམ་ཅི།།
ཁ་བ་ཅན་ན་སྲིན་པོ་རྫ་རྒན་མཆོག  །
བདག་གི་ཕ་ཡུལ་མཛེས་པའི་རྒྱན་དུ་བརླམས།།
རྩེ་མོ་གཡའ་མ་རྡོ་ཡི་ལ་ཐོད་དུ།།
རབ་དཀར་ཤེལ་གྱི་ཅོད་པན་ཉེར་མཛེས་ཤིང་།
ཉི་ཟླའི་རྣ་རྒྱན་ཉིན་དང་མཚན་ཕྱེས་ནས།།
འདོགས་པའི་རི་མོ་འགྲོ་མང་མིག་གི་དཔྱིད།།
སྐེད་པ་ཚང་ཚིང་ནགས་མོའི་གོས་སྔོན་གྱིས།།
བཀླུབས་པའི་བར་ན་ཤྭ་དང་གླ་བ་དགོ།།
ཝ་སྐྱེས་ལ་སོགས་རི་དྭགས་ཕོ་མོའི་ཁྱུ།།
ཇི་དགར་རྩེན་པའི་ངོ་མཚར་ལྟ་ན་སྡུག།
འདམས་མོའི་ཡང་དོག་མི་སྙོམས་ལུང་གཞུང་དུ།།
གྱ་གྱུའི་འགྲོས་དང་ལྡན་པའི་ཉལ་འགྲོ་མས།།
ལྦུ་བ་དཀར་པོའི་སྟོད་གཡོགས་ཉེར་སྤྲས་ཏེ།།
རྨ་ཀླུང་སྒེག་མོའི་ཕྱོགས་སུ་མཆོད་རྒྱུགས་བྱེད།།
གཡས་གཡོན་ནེའུ་གསེང་གཡུ་ཡི་མེ་ལོང་གཞིར།།
དཀར་ནག་ཁྲ་གསུམ་ཕྱུགས་ཀྱི་མེ་ཏོག་བཀྲ།།
རྒྱུད་སྟོང་དབྱངས་ལ་དྲངས་འདྲའི་རྫི་བོའི་གླུས།།
ཕ་ཡུལ་སྐྱིད་པའི་དགེ་མཚན་ཕྱོགས་མཐར་སྒྲོག།
  • ལེ་ཚན་སྔོན་མ།:རྒྱང་རིང་ལ་གཏད་པའི་སེམས་པ།
  • ལེ་ཚན་རྗེས་མ།:རྨས་སྐྱོན་ཤོར་བའི་བརྩེ་དུངས།