དཔྱིད་ཀྱི་དཔལ་ཡོན།

ཕྱོགས་ཞེན་པ།        2016-05-05

རླུང་ནག་འཚུབ་མའི་ངོ་བོ་ལྷོད་ཀྱིས་ཡལ། །
ཁྲི་གདུགས་ཉི་མའི་དྲོད་ཀྱིས་རི་ལུང་ཁྱབ། །
འགྲོ་ཀུན་སེམས་ཀྱི་ངོས་ལ་དྲོད་ཀྱིས་ཕྱུག །
ས་གཞི་ཀུན་ལ་དཔྱིད་ཀྱི་དཔལ་ཡོན་མངོན། །
མཛེས་པའི་ལྗོངས་ལ་དཔྱིད་ཀྱི་ལྷ་མོ་ཕེབས། །
ཡངས་བའི་སྤང་ནས་ཕྱག་གི་པི་ཝང་དཀྲོལ། །
ཁུ་སུམ་རི་ལ་སྙེག་པའི་ཨ་ཕོ་ངས། །
སེམས་ཀྱི་ངོས་ལ་སྐྱིད་པའི་ཚོར་སྣང་རྒོད། །
ཡངས་བའི་ཐང་ལ་ཆར་གྱི་ཟེགས་མ་འཐོར། །
ཕ་གིའི་རི་བོ་དམར་པོ་སྨུག་པས་བཏུམས། །
སྤང་ནས་རྩྭ་སྔོན་མགོ་བོ་གྱེན་དུ་ལངས། །
དཔྱིད་ཀྱི་སྣང་བ་དབྱར་གྱི་ངོས་ལ་འདྲེས། །
  • ལེ་ཚན་སྔོན་མ།:བྱིས་པའི་མིག་དབང་སྤྱད་ནས་རྨོ་མོ་དྲན་པ།
  • ལེ་ཚན་རྗེས་མ།:བྱ་རྒྱལ་རྒོད་པོར་བླངས་པའི་མགུར།