ནམ་མཁའི་ངོ་གདོང་ན་རྨ་ཁ་ཞིག་འདུག་པ་མཐོང་བྱུང་ངམ
ལོ་ཟླའི་སྒྱོགས་ཆེན་གྱིས་བཤགས་པའི་རྨ་ཁ་ཞིག་རེད
སྐེ་ཁྲག་བཞིབས་འདྲའི་མུན་པའི་སྟོང་དབྱིངས་སུ
ང་ཁོ་ནས་ནམ་མཁའི་མིང་ནས་ཡང་ཡང་བོས་མཐར
ན་ཟུག་ཡིན་པའི་ཁྲག་གི་ཐིགས་པ་རེ་རེ
སུ་ཡི་མིག་ཆུ་བཞིན་སྙིང་གི་མཐིལ་ངོས་ནས་འཕྱུར་ཏེ་ཡོང
མིག་གིས་མ་བལྟ ད་ནི་ལག་པས་ཀྱང་མ་རེག
ཚེ་སྲོག་གི་དར་ཐག་རིང་མོའི་འཇིགས་པ་དེ་གང་ལ་བརྒྱུས་འོས
ལོ་ཟླར་བསྐྱར་གསོན་གྱི་གོ་སྐབས་ཤིག་ཡོད་ན
ཁོ་ལག་རྫོགས་པའི་གཡུ་ཡི་མེ་ལོང་འདིའི་ནང་རོལ་དུ
ང་ཚོས་རང་ཉིད་ཀྱི་ཡིད་སེམས་གཙང་མར་བཀྲུ་ཆོག
བསང་གི་གཏང་རག ཡིག་འབྲུའི་འཁུན་སྒྲ
ང་ལ་ད་དུང་ཅི་ཞིག་རྙེད་འདོད་ཀྱི་རེ་བ་ཧ་ཅང་ཆེ
དོ་ནུབ་སྨག་གི་ལྐོག་གྱུར་གྱི་སྲུབས་ནས
ནམ་མཁའ་འདིས་ང་ལ་གསང་བ་ཞིག་འཆད་སྲིད་དམ