ཁ་བ་ན་རོ། 2024-11-04
ཨ་ཕ་ལགས།
ང་ཚོའི་མིག་ཆུ་ཡི་ཕྲེང་རྡོག་རེ་རེ།
སེམས་ཁོང་གི་ན་ཟུག་རེ་རེ་ཡིན།
མར་མེ་ཡི་འོད་སྣང་རེ་རེ།
དྲན་གདུང་གི་འབོད་པ་རེ་རེ་ཡིན།
ཚ་གསུར་གྱི་དྲི་མ་རེ་རེ།
སྐྱེལ་མ་ཡི་བརྒྱགས་བྲོ་རེ་རེ་ཡིན།
ལག་ཟུང་གི་སྙིམ་པ་རེ་རེ།
གསོལ་འདེབས་ཀྱི་ཡིག་དྲུག་རེ་རེ་ཡིན།
ཨ་ཕ་ལགས།
ལྷད་མེད་ཀྱི་ངོ་གདོང་རེ་རེ།
སེམས་ནང་གི་དྲན་ཤིང་རེ་རེ་ཡིན།
སྡུག་བསྔལ་གྱི་དོན་རྐྱེན་རེ་རེ།
བརྗེད་མེད་ཀྱི་གཏམ་རྒྱུད་རེ་རེ་ཡིན།
དུངས་སེམས་ཀྱི་སྐུལ་ལྕག་རེ་རེ།
སང་ཉིན་གྱི་བློ་སྤོབས་རེ་རེ་ཡིན།
གང་ལྟར།
ཡོད་ཚད་ཀྱི་ཡོད་ཚད་རེ་རེ།
ཨ་ཕགས་ལགས་བདེ་བར་བཞུད་ཅིག།
རྩོམ་གསར། 10