རྡུལ་ཕྲན་གཅིག་གི་སྟེང་གི་ལོ་མཇུག

དུར་ཁྲག        2021-05-21

སྒྱིད་ལུག་གིས་འདས་སོང་བའི་ལོ་ཟླ།

ན་ཚ་དང་དོགས་ཟོན་ཁྲོད་ཚར་སོང་བའི་དུས་ཚོད།

ཐུང་ཐུང་འདྲ་ལ་རིང་རིང་འདྲ་བའི་ལོ་འདི།

ཞེ་སྡང་དང་ཁོང་ཁྲོ་སོགས་སྡིག་སྒྲིབ་ཐམས་ཅད་སེལ་ཤོག

ཉེས་དམིགས་ཀྱིས་ཁ་རླངས་མ་ཕོག་པའི་ས་སྲོད།

ཞོགས་པ་གཞན་ཞིག་གི་སྐྱ་རེངས་ཡིན་ནམ།

འཇའ་སྣེ་ལག་པས་བཟུང་བའི་ལོ་མཇུག

ལོ་མའི་སྟེང་གི་ཤག་སྒྲ་དང་མ་འོངས་པ་ཡིན།

མ་འོངས་པ་ལམ་རིམ་ནང་གི་མི་རྟག་པའི་ཆོས་སྐོར་དེ་ཡིན།

རླུང་འཚུབ་དང་འདྲ་བར་འཇིགས་སྣང་ཤིན་ཏུ་ཆེ།

ཡིན་ཡང་། འུ་ཅག་གཏན་ནས་སྐྲག་མི་ཤེས།

ཟིལ་བ་རྨིག་བཞིས་གཏོར་བའི་རྟ་ཕོ།

མེ་ལོང་གྲུ་བཞིའི་ནང་གི་གཙང་བོ་ཆེན་པོ་དེ་ཡིན།

ལག་པའི་ནང་གི་སྡིག་སྒྲིབ་ཡོད་ཚད།

ཆུ་སྡེར་མ་གང་དང་འདྲ་བར་རྒྱང་རིང་དུ་བཞུར་མི་ཐུབ།

རེ་བ་དང་ཕུགས་འདུན་ཡོད་ཚད།

ཤིན་ཏུ་ཞིབ་ཚགས་ངང་མདུན་གྱི་ཤོག་ལྷེའི་སྟེང་དུ་བྲིས།

རྡུལ་ཕྲན་གཅིག་གི་སྟེང་གི་ལོ་མཇུག

སྨྲ་བ་བསྡམས་ནས་འདས་གྲོངས་སུ་གྱུར་སོང་།

  • ལེ་ཚན་སྔོན་མ།:བདེ་སྐྱིད།
  • ལེ་ཚན་རྗེས་མ།:འབྲོག་མོ།