གངས་ཁྲོད་ཀྱི་འབྲོག་མི།

སྦྲ་སྲས་གངས་བུ་འཛུམ་གྲོལ།        2021-03-26

ལ་དང་ལུང་པའི་ཕར་ནང་།།

འབྲོག་པ་ཐུགས་རྗེ་ཆེན་པོ།།

འབྲོག་མོ་རྗེ་བཙུན་སྒྲོལ་མ།།

མཛའ་བརྩེའི་མདུད་པ་མ་ཞིག།

ནམ་མཁའ་སྔོན་པོའི་འོག་ནས།།

མཐིང་སྨུག་སྦྲ་ནག་བཀྲ་ཤིས།།

ས་གཞི་ལྗང་ཁུའི་གདན་ནས།།

ཞལ་འཛུམ་བརྩེ་བའི་འབྲོག་པ།།

ཆུ་མོ་ཤང་ཤང་བཞུར་ས།།

ཉ་མོའི་འཁྱུག་རྩལ་ངོམ་ས།།

ཁ་བ་ཅན་གྱི་སྨན་ལྗོངས།།

སྣ་བརྒྱའི་མེ་ཏོག་བཞད་ཡོང་།།

སྤྲིན་པ་རླུང་བུས་སྡེབ་རུང་།།

དྭངས་གསལ་ཟླ་བ་ཤར་ཡོང་།།

འབྲོག་མི་ཤེས་བཟང་ཅན་པོས།།

དྲིན་ལ་དྲིན་ལན་འཇལ་ཤེས།།

ཕ་བཟང་གདོང་དམར་རྒྱུད་ཡིན།།

མ་བཟང་གཤིས་འཇམ་བལ་ཡིན།།

གཞན་ཕན་ལྷག་བསམ་གསེར་ཡིན།།

བརྩེ་བའི་མེ་ཏོག་འཛུམ་ཡིན།།



  • ལེ་ཚན་སྔོན་མ།:རྗེས་དྲན་དད་པའི་མཆོད་སྤྲིན།
  • ལེ་ཚན་རྗེས་མ།:རང་མོས་སྙན་ངག་ཚན་པ་དྲུག