སེམས་ནང་གི་གྲིབ་མ་ནག་ཐོ།

ཧུན . དུར་རོ།        2021-03-12

མཚན་མོ་དག་ལ་ངས་གཞས་ཤིག་ཡང་ཡང་བཏང་།

ཉིན་མོ་དག་ལ་ངས་གར་ཞིག་ཡང་ཡང་འཁྲབ།

ཉིན་མཚན་དག་ལ་ངས་ཁྱོ་ཤུག་ཚོར་ཡང་ཡང་མཇལ།

མི་སེམས་རློན་པ་རེད། རི་མོ་སྐྱ་བོ་རེད།

འཇིག་རྟེན་ཡང་སྒྲོན་མེ་རྐང་གཅིག

ནམ་རྒྱུན་སྣང་བའི་ཞལ་རས་ལ་མུན་པ་བཐིབ།

སྡོད་ཤག་ནང་ནས་དྲན་པ་སྒུལ་བའི་བར་ཆད་དང་།

རི་ལུང་ཐང་གསུམ་ནས་གཏན་དུ་འགྲེངས་ཐབས་མ་བྱུང་།

ངས་ཁྱོད་ཀྱི་ནག་རྐྱང་རྐྱང་གི་ལུས་པོ་ལ།

ཉི་མ་དང་ཟླ་བ་སྐར་མའི།

སྐེ་རྒན་དང་རྣ་རྒྱན་བྱིན་ཡྰ།


  • ལེ་ཚན་སྔོན་མ།:འཁྲེང་སེམས།
  • ལེ་ཚན་རྗེས་མ།:​ང་ལ་རྣམ་ཤེས་ཕྱོགས་ས་ཞིག་མཁོ།