མཱ་ལ་ཏི། 2020-12-30
ཁ་ཚོད་མི་ཆོད་པའི་མི་ཚེའི་ལམ་འཕྲང་རིང་མོ་ལས།
རྒྱལ་ཕམ་འདྲེས་མའི་ལོ་ཟླ་མང་པོ་ཞིག་ཤེད་ཀྱིས་ཁུར་བའི་ཁྲོད་ནས།
གནམ་ལོ་གསར་ཚེས་ལ་ཉེ་བའི་དུས་འདིར།
སེམས་ཀྱི་ཕྱི་ནང་གཉིས་སུ་བབས་པའི་ཁ་བ་ནག་པོ་དེས།
འགྲོ་བ་མིའི་ཚེ་སྲོག་ལ་རྒོལ་བའི་འབོད་བརྡ་གཏོང་འདུག
འདི་ནི་གློ་བུར་ཞིག་སྟེ་འདི་ནི་མནར་གཅོད་ཅིག
ཉེས་མེད་ཀྱི་མི་བུ་དག་ལ་ལས་དབང་གིས་གནང་བའི་རྨ་ཁ་ཞིག
བླ་ཚེ་སྲོག་གསུམ་གྱི་རྩ་བ་གཅོད་པའི་གཤེད་མ་ཞིག
དུས་རབས་ཀྱི་མཚོན་ཆ་རྣོན་པོའི་ཆར་པ་ལ་ཐབས་ཤེས་ཀྱི་གོ་ཁྲབ་མཐུག་པོ་ཞིག་
ཅིས་ཀྱང་བགོ་དགོས
མིག་སྔར་ནས་འཕྱུར་བའི་རྒྱ་མཚོ་འདིའི་ཕ་རོལ་ཏུ་གཤོག་པ་ཐོགས་པའི་གྲུ་གཟིངས་ཀྱི་བརྡ་ལ་བརྟེན་ནས་ཕྱིན་ཐབས་དགོས།
རྩོམ་གསར། 10