དུངས་པའི་སེམས་པ།

བཀྲ་ཤིས་ཟླ་བ།        2020-11-27

རང་ཉིད་ལ་བརྩེ་དུངས་ཀྱི་ཚོར་སྣང་དངོས་སུ་སྤྲད་མྱོང་མཁན་གྱི་མཛེས་མ་ཚེ་རིང་མཚོ་མོ་ལགས་ལ་ཕུལ་བའི་བརྩེ་དུངས་ཀྱི་སེམས་ཚོར་གཏམ།

ཡུན་རིང་གི་སེམས་ཚོར་ལས།

ཁྱེད་དང་འཕྲད་པའི་དུས་ཚིགས་ཤིག

ཤར་ན་སྙམ་ནས་དུས་ཡུན་ཅི་ཙམ་ལ།

སོང་ཡང་ད་རུང་རེ་བ་ནི་ཆད་མ་མྱོང་ལ།

འོན་ཀྱང་རེ་བ་ནི་རེ་བ་སྟེ།

མ་འོངས་པར་དེ་བཞིན་འགྲུབ་ངེས།

དེ་ཕྱིར་ངས་ནི་ཁྱེད་ཀྱི་འཛུམ་མདངས་དེ།

ནུབ་མེད་སེམས་ཀྱི་རྡོ་རིང་ལ།

བསུབ་མེད་ཀྱིས་བརྐོས་ཡོད།

དེ་བཞིན་ཁྱེད་ཀྱང་དེ་བཞིན།

ངེད་གཉིས་འབྲེལ་འདྲིས་བྱུང་སྟེ།

ལོ་ནས་ལོ་དང་ཟླ་ནས་ཟླ།

སོང་ཡང་བདག་གི་དྲན་པའི་ངོགས་སུ།

མ་འདྲིས་སེམས་ཀྱི་རི་མོ་ཞིག

ཡལ་ཐབས་མེད་པར་གནས་ཤིང་།

ཁ་པར་ནང་གི་བརྩེ་གཏམ་ནི།

ཁྱེད་དང་ངེད་གཉིས་ཀྱི་འབྲེལ་ལམ།

བདག་གི་སེམས་པ་འཕྲོག་པའི་དུངས་པ།

ཁྱེད་ཀྱི་སྙན་འཇེབས་ཀྱི་གསུང་སྐད་དང་།

དེ་ལས་བྱུང་བའི་བརྩེ་བའི་དུངས་གཏམ།

འོན་ཀྱང་གང་ལྟར་ཁྱེད་དང་ཁྱེད་ནི།

ང་དང་ངའི་སེམས་ནང་གི་མེ་ཏོག

དེ་ཕྱིར་ངེད་གཉིས་བར་གྱི་བརྩེ་བ་ནི།

གངས་རི་ལས་དཀར་བའི་དུངས་སེམས།

རྒྱ་མཚོ་ལས་གཏིང་ཟབ་པའི་དུངས་སེམས།

དུངས་པ་ལས་ཀྱང་དུངས་པའི་སེམས་པའོ།

  • ལེ་ཚན་སྔོན་མ།:བློས་བསླངས་ཀྱི་ངག་རིས།
  • ལེ་ཚན་རྗེས་མ།:དབྱངས་དཀར་མོ།