འོ་སེ། 2020-10-23
ང་རང་འབྲུག་སྒྲ་ལ་ཉན་རྒྱུར་དགའ་བོ་ཡོད།
ང་རང་ཆུང་དུས་ཨ་མའི་རུམ་ནས་འབྲུག་
སྒྲ་ལ་རྣ་བ་ཡང་ཡང་བླགས་མྱོང་།
གློག་མར་འཁྱུག་ཐེངས་རེ་རེར།
ངས་ནི་རྣ་བ་ཀྲོག་ཀྲོག་གིས་འབྲུག་སྒྲ་
ལ་གཟབ་ནན་གྱིས་མཉན་གྱི་ཡོད།
གློག་དམར་གྱིས་སྦྲ་ནག་ཕྱི་གསལ་ནང་
གསལ་དུ་བཏང་དུས།
འབྲུག་སྒྲ་ཆེན་པོ་ཞིག་གྲགས་ངེས་སྙན་
ཏེ་དགའ་བས་བཟི་འགྲོ།
འབྲུག་ཆེན་པོ་གྲགས་དུས།
ཐོག་འཕང་བར་དོགས་ཏེ་མི་མང་པོ་ཧ་
ཅང་སྐྲག་མོད།
ཨ་མའི་རུམ་ནས་ང་ལ་འཇིགས་དངངས་
ཅི་ཡང་མེད།
ང་རང་ཆུང་དུས།
དབྱར་ཁ་ལ་རེ་ཞིང་སྒུག
རྩྭ་ཐང་དང་ནོར་གནག
མེ་ཏོག་དང་ལུ་གུ
ད་རུང་དེའི་ག་ལ་ཚད།
མཚན་ལྗོངས་ཀྱི་གློག་དམར་དང་འབྲུག་སྒྲ
ཆར་ཞོད་དང་རྟ་མཆོག་གི་འཚེར་སྐད།
ཅི་འདྲའི་བསོ་ཨང་། ཅིའ་དྲའི་བསོ་ཨང་།
ད་ལྟ་བསམ་ན། དེ་དག་ནི།
རྨི་ལམ་ཐུན་གཅིག་ཏུ་གྱུར་ཚར་ནའང་།
འབབ་ཞོད་ཧ་ཅང་ཆེ་བའི་དོ་ནུབ།
སྒེའུ་ཁུང་འགྲམ་ནས།
ཆར་ཞོད་དང་འབྲུག་སྒྲ་ལ་རྣ་བ་བླགས་ཏེ།
བྱིས་དུས་ལ་ཕྱིར་དྲན་ཐེངས་གཅིག་ཤོར།
རྩོམ་གསར། 10