སྣང་བའི་འོད་ཀྱི་ཕུང་པོ།

ལི་སྨད་ཉི་གཞོན།        2020-09-11

བརྗིད་ལྡན་རབ་གཙང་གི་སྐུ་ལས།།

ཤེས་བྱའི་བསུང་ངད་ཅིག་ལྡིང་བྱུང་།།

སྤྱན་དང་ཕྱག་ཟུང་གི་བརྡ་ལས།།

རྟོགས་སད་དུང་དཀར་

ཞིག་བུས་བྱུང་།།

བདེན་པའི་སྨྲ་ལྕེ་ལས་གྲོལ་བའི།།

གདམས་ངག་གསེར་ནག་གི་རིལ་བུ།།

བློ་ལྡན་ངང་མོ་ཡི་ཁྱུ་ལ།།

ཕངས་མེད་བསྩལ་བ་དེ་བཀའ་དྲིན།།

ལྷག་བསམ་འོད་དཀར་གྱི་ཟེགས་མས།།

རྨོངས་པའི་མུན་པ་དག་བསལ་ལ།།

ཉམ་ཆུང་རྒྱུ་སྐར་གྱི་འཁོར་ཚོགས།།

འོད་ཀྱིས་བསྐྱངས་བའི་བ་དེ་

བཀའ་དྲིན།།

  • ལེ་ཚན་སྔོན་མ།:དྲིན་ཆེན་དགེ་རྒན་ལགས་བཀའ་དྲིན་ཆེ།
  • ལེ་ཚན་རྗེས་མ།:བཤེས་གཉེན་ལ་བསྟོད་པའི་ཀ་ཕྲེང་མེ་ཏོག་ཕྲེང་མཛེས།