མ་ལོ།

གཡུ་ཆུང་ཡེ་རྡོར།        2020-08-21

ཨ་མ་ལགས།

སྙིང་སྟོབས་དང་བྱམས་ལྷག་ནི།

ལྷ་ཆེན་ཚངས་པ་ལས་ཀྱང་འཕགས།

ང་ཡི་ཨ་མ་ལགས།

ཤེས་རིག་གི་སྒོ་ཆེན་ཙམ་ཡང་སྒུལ་མ་མྱོང་ཡང་།

དཀྱེལ་ཡངས་དང་བློ་རིག་སུ་ལས་ཀྱང་བླ་ན་མཐོ་བའི་

ང་ཡི་ལྷ་ཆེན་པོ།

དཀའ་སྡུག་ནི་ཇི་འདྲའི་འཇིགས་སུ་རུང་ཡང་།

འཚོ་ཚིས་ནི་བཟོད་གླགས་བྲལ་བའི་ན་ཟུག་ཅིག་

ཏུ་འཁུམས་ཀྱང་།

བུ་ཡི་ལྟ་སྒོམ་སྤྱོད་གསུམ་དང་དུ་ལེན་ནུས་པའི་

ཤེས་རབ་ཀྱི་ལྷ་ཆེན་པོ།

ཇི་སྲིད་དུ།

ང་ཡི་ཚེ་མཇུག་སྐྱ་ལོ་རླུང་གིས་ལྡེག་ཅིང་།

ཚེ་མཐའི་སྐར་མ་དེ། རྨི་ལམ་བཞིན་གཞན་དུ་

ཡིབ་ཚེ།

ང་ཡིས། ང་ཡིས།

ཚེ་རབས་ཀྱི་ཤ་ཁྲག་སྲད་བུར་བརྒྱུས་པའི་

ཚེ་ཡི་ལྷ་ཆེན་པོ་ཁྱེད་རང་སྒོམ་ངེས།

ང་ཡི་ལྷ་ཆེན་པོ།

  • ལེ་ཚན་སྔོན་མ།:ཁ་གང་རྒྱུ་མེད་པའི་ཁུག་མ།
  • ལེ་ཚན་རྗེས་མ།:ཚོགས་དྲུག་རྒན་པོའི་ཁེར་གཞས།