ཧེ་ཙེའི་སྙན་ངག་ཐུང་ངུ་ལྔ།

བཏང་སྙོམས་ཀྱིས་བསྒྱུར། (མཚོ་སྔོན)        2017-09-04

ཧེ་ཙེའི་སྙན་ངག་ཐུང་ངུ་ལྔ།

(༡) རྒྱང་རིང་། 

རྩྭ་ཐང་གི་དཔའ་མོ་མིང་སྲིང་གཉིས།

ལུང་མེ་དང་ཡུ་རོང་།

ང་ཇི་འདྲའི་ཁྱོད་ཚོ་དང་མཉམ་དུ་འདུག་འདོད།

དྲག་རླུང་ཁ་བའི་ཁྲོད།

རྩྭ་ཐང་ཆེན་མོའི་སྟེང་།

ཀུང་ཧྲེ་ཡི་ལུག་ཁྱུ་ལ་བལྟས་འདུག

(༢) རྒྱང་རིང་གི་ལམ་ཐག              

ཆར་ཆུ་ཁྲོད་ནས་བདེ་མོ་ཐང་གི་གྲོ་འབུས་པ་རེད།

ཆར་ཆུ་དེ་དག་གི་ཁྲོད་ཀྱི་མཛེས་ལྗོངས་ཀྱི་ཁ་དོག་ཆ་མེད་ཅིག

གནམ་ངོ་སྔར་ནས་རུབ་སོང་། ཆར་བ་བབས་བྱུང་།

ང་ཆར་བའི་ཐོག་ནས་ལངས་ཏེ་ཁྱོད་ལ་འཕྲིན་ཡིག་བྲིས།              

(༣) གྲོང་སྡེ།

གྲོང་སྡེ། འབྲུ་རིགས་སྣ་ལྔ་ལྡན་པའི་ཞིང་གྲོང་ལ།

ངས་བཀོད་སྒྲིག་བྱེད།

ངས་ལག་པས་རེག་པའི་དངོས་པོ་ནི་ཇི་ལྟར་ཉུང་ན་དེ་ལྟར་བཟང་།

ས་སྲོད་ཀྱི་གྲོང་སྡེ་འདི་གཅེས་སྤྲས་བྱེད།

ཆར་ཆུའི་གྲོང་སྡེ་འདི་གཅེས་སྤྲས་བྱེད།

ལེ་དབར་ཁྲི་ལྡན་གྱི་སྤྲིན་མེད་འདི་ངའི་ཡུན་གཏན་གྱི་མྱ་ངན་ཞིག་རེད །

(༤) དགུན་ཁ།

མཚན་སྨག་ཁྲོད་དུ་མེ་ཕུང་ལ་སྙན་ངག་འབྲི །

རྩྭ་ཐང་སྟེང་དུ་ལུག་ལ་སྙན་ངག་འབྲི།

བྱང་རླུང་ཁྲོད་དུ་ལྷོ་རླུང་ལ་སྙན་ངག་འབྲི །

དྲན་གདུང་ཁྲོད་ནས་ཁྱོད་ལ་སྙན་ངག་འབྲི །

(༥) མུན་པ།            

མུན་པའི་ཁྲོད་དུ།

ང་ལ་སྡུག་བསྔལ་གསུམ་ཡོད །

ཡུལ་གྱར ། བརྩེ་དུང་། འཚོ་གནས །

ང་ལ་བདེ་སྐྱིད་གསུམ་ཡོད།

སྙན་ངག  རྒྱལ་པོའི་གོ་གནས། ཉི་མའོ། །


  • ལེ་ཚན་སྔོན་མ།:ཕ་ཡུལ་ལ་བསྟོད་པ།
  • ལེ་ཚན་རྗེས་མ།:རྨ་རྒྱལ་གངས་རིའི་སྙིང་གཏམ་།