བྲག་སྤྲེལ་ཚ། 2020-07-17
མཁུར་ཚོས་དམར་པོའི་འབྲོག་མོ།།
ཟམ་སྣེ་བརྒྱུད་ནས་ཡོང་དུས།།
ཚེ་གྲོགས་ཨེ་ཡིན་བསམ་ནས།།
ཟུར་མིག་ལན་གཅིག་འཕངས་པས།།
དོགས་པ་ཟ་བའི་ཟོལ་གྱིས།།
འཛུམ་ཁ་ཅུང་ཙམ་གྲོལ་སོང་།།
ལུས་དྲི་བཅོས་མ་མིན་པའི།།
འོ་དྲི་ཐུལ་བའི་འབྲོག་མོ།།
ང་ལ་བཅར་ནས་ཐོན་དུས།།
སྐྱེ་གཟུགས་ཡག་པའི་སྐྱེས་མ།།
རུས་པའི་རྐང་ལ་ཟུག་སོང་།།
དུངས་བའི་འཛུམ་ཁ་གྲོལ་སོང་།།
ཆུ་བོ་མར་འགྲོ་ཞིག་ལ།།
རླུང་རྟ་ཡར་འགྲོ་མེད་པས།།
གཞོན་ཤ་རྒྱས་པའི་འབྲོག་མོ།།
ལྡེམ་ལྡེམ་འགྲོས་གྱིས་བུད་སོང་།།
དགའ་མ་མེད་པའི་བུ་ང་།།
ད་དུང་ཁེར་རྐྱང་ཡིན་ནོ།།
རྩོམ་གསར། 10