ལྷ་སའི་ལེའུ།

        2020-06-19

ཕོ་བྲང་པོ་ཏ་ལ།

མདུང་གི་རྩེ་མོ་ན་འགྱིང་ངེར་གནས་པའི་ཁྲག་གི་

མིག་ཆུ།

པད་མའི་གདན་སྟེང་དུ་ལྷུན་པོར་ཆགས་པའི་དུང་

གི་མེ་ལོང་།

ས་དང་རྡོ་ལས་གྲུབ་པའི་དུས་ཚོད་ཀྱི་རྨ་ཁ་ཞིག་

ཡིན་ན།

ངའི་རུས་རྐང་དུ་ཁྱོད་ཀྱི་རྣག་ཁྲག་ལོས་ཡོད།

མཐོ་སྒང་གི་མེ་ཕུང་ཞིག་ནས།

ང་ལ་སྡུག་བསྔལ་དང་མནར་བཅོས་སྟེར་བྱུང་ཨ།

བར་སྐོར་གྱི་འཁྱམ་པོ།

བར་སྐོར་ནི་འཁྱམ་པོའི་གནས་ཚང་ཡིན།

བར་སྐོར་ནི་ཆུང་འདྲིས་བྱ་རྡོ་ལམ་འཕྲད་ཡིན།

བར་སྐོར་ནི་ར་རོས་མྱོས་པའི་མཚན་མོའི་འོ་དོད་ཡིན།

བར་སྐོར་ནི་སྙིང་གི་ཕྱེད་ཀ་དང་ཚེར་སིལ་གྱི་རྐང་

ལམ་ཡིན།

བར་སྐོར་དུ་གླུ་དང་དབྱངས་ལ་འདྲེས་པའི་འཁྱམ་

པོ་ཡོད།

བར་སྐོར་དུ་ཚོང་འདུས་བུ་མོའི་སྤྱན་གྱི་

གཟིགས་ཕྱོགས་ཡོད།

ང་ནི།

ང་ནི་སུ་ཞིག་གི་དགྲ་བོ་མ་ཡིན།

ང་ནི་སུ་ཞིག་གི་གཤིན་རྗེ་མ་ཡིན།

༼ གངས་འཁྱམ་གསར་བུ། ༽


  • ལེ་ཚན་སྔོན་མ།:ས་རུབ་ལ་ཉེ་དུས།
  • ལེ་ཚན་རྗེས་མ།:ཕུགས་རེ།