གཏན་ཚིགས་ཕྱིན་ཅི་ལོག་པ།

        2020-06-19

གལ་སྲིད་ཁྱེད་རང་ཡིད་མ་ཆེས་ནས།

ཡོད་ཚད་མིག་མཐོང་ལག་ཟིན་ཡིན་དགོས་ཟེར་ན།

མཐོངས་ཡངས་པའི་ནམ་མཁའ་འདི་ལ་ལག་པས་

རེག་ཐབས་བྲལ་འདུག་ཅིང་།

སྒེའུ་ཁུང་འདི་ནས་གནམ་གྱི་ཕྱེད་ཀའང་མཐོང་གིན་

མི་འདུག

མངོན་སུམ་གྱི་ནང་དུའང་ནོར་འཁྲུལ་ཡོད་དེ།

ཉི་མ་དང་ཟླ་བའི་ཞིང་དུ་དཔག་ཚད་མང་པོར་ཡོད་

རབས་བཤད་ཀྱང་།

འདི་ནས་བལྟས་ན་ཅུང་པེང་ཆེན་པོ་ཞིག་གི་དོ་ཟླའང་

དཀའ་ཚོད་རེད།

གལ་སྲིད་ཁྱེད་ཀྱིས་རིན་ཐང་ཆུང་འདུག་སྙམ་ན།

ལག་མཐིལ་ཙམ་ལས་མེད་པའི་མེ་ལོང་ནང་དུ་ཡང་།

ཁྱེད་ཀྱི་ངོ་གདོང་ཕྱེད་ཀ་ཙམ་མིན་པར།

འཇིག་རྟེན་གྱི་བླ་འོག་ཀྱང་ཆུད་བཞིན་འདུག་ཨང་།

༼ འོད་ཟེར་དགུ་བ། ༽


  • ལེ་ཚན་སྔོན་མ།:བརྩེ་སེམས་པདྨ་རང་གྲོལ།
  • ལེ་ཚན་རྗེས་མ།:མགོ་བོ་འཁྱོགས་ནས་ཚེ་འབར་གྱི་མེ་ལྕེ་སྦོར་དང་།