ཁྱེད།

འཁོན་བུ་སྟག་རྒྱལ་ཚེ་རིང་།        2020-05-29

ལས་རྒྱུས་མེད་ཀྱི་ནམ་མཐའ་འདི་ནས།།

སྐྱིད་འཛད་མེད་ཀྱི་ཁྱེད་དང་འུ་གཉིས།།

ལོ་ཟླ་བ་ཡིས་འཁོར་བསྐྱོད་ཁྲོད་ནས།།

སྐྱིད་འཚོ་བ་ཡིས་དར་ཐག་འཐེན་ནས།།

རེས་འཁོར་བ་ཡིས་བར་སྟོང་ཁྲོད་ནས།།

དགའ་འཛུམ་ཆུང་གི་སྒེག་འཆང་བར་ནས།།

འཛུམ་དམུལ་དམུལ་གྱིས་འཕྲད་འདི་སྐྱིད་ཨང་།།

ཞེ་དཔྱངས་ཐག་གི་སྙིང་ཆུང་དབུས་སུ།།

རྡོ་གཡོ་མེད་ཀྱི་བྲག་ལ་བརྐོས་འདྲའི།།

ངའི་སྙིང་ཆུང་གི་དཀར་ཡོལ་འདྲ་བོ།།

ཁྱེད་བཏང་སྙོམས་ཀྱིས་ལོ་ཟླས་སྐྱོར་ཏེ།།

ཚེ་འདི་ཕྱི་ཡི་ཕར་རྒྱབ་གང་ཞིག།

བརྒལ་འདོད་བློ་ཡི་སྙིང་ཁམས་ང་ཡོད།།

གཉོར་འདོད་བློ་བསམ་པ་ང་ཡོད།།

སྤྲིན་དབུ་བཏེགས་ཀྱི་རི་བོའི་ཟེ་བ།།

ཆུ་དྭངས་གཙང་གི་ཁ་དོག་མཛེས་པོ།།

སེམས་འདུ་འགོད་ཀྱི་དུས་བཞིའི་འགྱུར་ལྡོག།

གཉོར་འདོད་བློ་སེམས་དང་བྱང་ཁོག་སེམས་པ།།

ཡོད་བསམ་པ་ཞིག་ཞེ་རུ་འདུ་ཡང་།།

སེམས་བསམ་པ་ལ་འགྱུར་དུ་མེད་ཅེས།།

སྡོམ་དམ་ཚིག་བཞིན་དམ་བཅའ་འཇོག་འདོད།།

རྟ་འདོ་བ་ཞིག་ཞོན་པར་བྲེལ་ཡང་།།

ལྕག་རྒྱུ་ལུང་ཞིག་ལག་ཏུ་མེད་པས།།

རྟགས་རྟེན་འབྲེལ་གྱི་ཁ་གཡང་དང་བོ།།

ལས་རྒྱ་རྡོ་ཡིས་གཞལ་བའི་དགའ་ལོར།།

སེམས་རྒྱུས་མེད་ཀྱི་བས་མཐའ་གང་ནས།།

འཕུལ་འདོད་པ་ཡི་སེམས་པ་དམར་བོ།།

ཞེ་དྭངས་གཙང་གི་ཁ་བས་བསྲུངས་ཏེ།།

ཁྱེད་སྐྱེས་པ་ཡི་ཉིན་ལ་ཕུལ་ཏོ།།

  • ལེ་ཚན་སྔོན་མ།:གློ་བུར་གྱི་ཚོར་བ།
  • ལེ་ཚན་རྗེས་མ།:མགུར་ཆུང་སྣ་བརྒྱད།